[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    འདི་ལོ་ཤར་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་ཧུར་ཐག་བསྟུན་པ། “གཙོ་གནད་གསུམ”མངོན་གསལ་དོད་པོ་དང“དོན་ཆེན་བཞི”ཡག་པོ་སྒྲུབ་པ་མ་ཟད། “རྨང་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་ཁྲོམ་རར་རྐང་པ་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཆར་འགོད། ཁུལ་གསར་གྱིས་ཁྲིད་སྟོན་བྱེད་པ”བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་པར་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་63.91ཟིན་པ་དེ་དུས་མཚུངས་ལས་9%འཕར་ཡོད་པ་དང་། ཞིང་ལས་དང་། ནགས་ལས། ཕྱུཌ་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4.67ཟིན་པ་དེ་དུས་མཚུངས་ལས་6%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5032ཟིན་པ་དེ་དུས་མཚུངས་ལས་12.3%འཕར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།