[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་གྱིས།

    བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་དང་ཇུས་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-19

    ཚེས་16ཉིན། ཀྲུང་གོའི་ས་ཁོངས་དཔལ་འབྱོར་རིག་གཞུང་ལྷན་ཚོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཆེད་ལས་ཨུ་ལྷན་དང་བོད་ལྗོངས་སློབ་ཆེན་གྱིས་མཉམ་དུ་གཙོ་གཉེར་དང་བོད་ལྗོངས་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི་2019ལོའི་ཀྲུང་གོའི་ས་ཁོངས་དཔལ་འབྱོར་རིག་གཞུང་ལྷན་ཚོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཆེད་ལས་ཨུ་ལྷན་གྱི་ལོ་ཚོགས་དང་གོ་ལ་ཅན་གྱི་མི་རིགས་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་དགེ་རྒན་ཆེ་མོ་བ་ཅི་ཅན་ཀྲོའུ་ཡིས་འགོ་ཚུཌ་མཛད་སྒོར་ཤིས་ཚིག་བསྒྲོན་པ་དང་། བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དགེ་རྒན་ཆེ་མོ་བ་མོང་ཧྥང་པིན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རིག་གཞུང་དང་། ཚན་ཞིབ། དཔེ་སྐྲུན་བཅས་སྒྲིག་གཞི་50ལྷག་ཙམ་དང་མཐོ་སློབ་དང་། སྲིད་གཞུང་སྡེ་ཚན། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་མཁས་དབང་དང་རིགས་གཅིག་མཁས་ཅན་140ལྷག་ཙམ་ཞུགས་ཡོད་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“རིག་ཚན་རྩེ་གྲ”འཛུགས་སྐྱོང་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་དམིགས་པའི་ཁར། གཙོ་བོ་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་དང་། གནད་སྨིན་དབུལ་སྐྱོར། སྣོད་བཅུད་འཛུགས་སྐྱོང་། བོད་དང“རྒྱུད་གཅིག་ལམ་གཅིག”མཉམ་འདྲེས་བྱེད་པ་བཅས་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་བྱས་ནས་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།