[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞོ་ཚོང་ཁང་དུ་འཇོན་ཐང་ངོམ་རིན་ཆེན་པོ་ཡོད་པ།

    —— བོད་བྱང་ཐང་གི་སློབ་གྲྭ་ཆེ་མོ་བ་བཅིངས་འགྲོལ་གྱི་ལས་གཏོད་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    འདི་ལོའི་ཟླ་6པར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་སྲིད་གཞུང་གི་འགྲམ་དུ་གནས་པའི“བོད་བྱང་ཐང་གི་འབྲོག་པ་རྒན་པོ”ཞེས་པའི་ཞོ་ཚོང་ཁང་དེ་གཉེར་སྐྱོང་བྱས་ནས་ལོ་གཅིག་སོང་བ་དང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ཡོང་གི་ཡོད།

    ཞོ་ཚོང་ཁང་དེའི་རྒྱ་ཁྱོན་སྨི་ངོས་གྲུ་20ཙམ་ལས་མ་ཟིན་མོད། འོན་ཀྱང་ཚོང་ཁང་གི་སྦྱིན་བདག་2017ལོར་སློབ་གྲྭ་ཐོན་པའི་སློབ་གྲྭ་ཆེ་མོ་བ་བཅིངས་འགྲོལ་གྱིས་ཚོང་ཁང་དེ་གཉེར་སྐྱོང་ཡག་པོ་བྱས་ཡོད་པ་དང་། ཁོང་གིས་ལས་སྣོན་དང་ཐོན་སྐྱེད་ཀྱི་འགན་ཁུར་བ་མ་ཟད། ད་དུང་ཕྱིར་ཚོང་དང་ཞོ་ཚོང་ཁང་གི་དོ་དམ་དང་དེ་བཞིན་ནོར་དོན་སོགས་ཀྱི་ལས་ཀའི་འགན་ཁུར་གྱི་ཡོད་པ་རེད།

    གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གོ་རོག་གྲོང་ཚོར་སྐྱེས་པའི་བཅིངས་འགྲོལ་ཆུང་དུས་ནས་ཁྱིམ་གྱི་འོ་མ་དང་འབྲི་ཞོ་བཏུངས་ནས་འཚར་ལོངས་བྱུང་བས་འབྲིའི་འོ་མར་ཧ་ཅང་དགའ་པོ་ཡོད་ཅིང་། ཁོང་གིས“ད་ཆ། ཁྱིམ་ཚང་གི་འབྲིའི་འོ་མ་འགྱིག་དམ་ནང་བླུགས་ནས་སྤྱི་རྒྱ་རེར་སྒོར་26ལྷག་ཙམ་བྱས་ནས་འཚོང་གི་ཡོད”ཅེས་གསར་འགོད་པར་བརྗོད་པ་དང་། ཞོ་ཚོང་ཁང་ལ་ཉིན་ལྟར་ཤོག་སྒམ་བཅུའི་ཞོའི་མངགས་ཐོ(ཤོག་སྒམ་གཅིག་ནང་འགྱིག་དམ་དྲུག་ཡོད་པ་དང་ལྗིད་ཚད་སྤྱི་རྒྱ་3ཟིན་པ་དང་རིན་གོང་སྒོར་108ཡིན་པ)འབྱོར་གྱི་ཡོད། སྲོལ་རྒྱུན་གྱི་ཞོ་བླུག་སྣོད་སེར་པོ་དང་བསྡུར་ན་ཇུས་འགོད་ཡག་པོ་བྱས་པའི་ཤེལ་དམ་གྱི་བླུག་སྣོད་ལ་འཛད་སྤྱོད་པས་དེ་བས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    བཅིངས་འགྲོལ་གྱིས་ངོ་སྤྲོད་བྱས་པ་བརྒྱུད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཞོ་ཚོང་ཁང་གིས་ཉིན་ལྟར་ནག་ཆུ་གྲོང་རྡལ་རིང་མོ་འབྲོག་ར་ནས་འབྲིའི་འོ་མ་སྤྱི་རྒྱ་8ཉོས་ནས་ཞོ་ཤེལ་དམ་150བཟོས་པ་དང་། ཉིན་རེར་ཕྱིར་ཚོང་དངུལ་གྲངས་སྒོར་1000ལྷག་ཙམ་ཡོང་གི་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་ཆེ་མོ་བ་3ལས་ཞུཌ་ཐུབ་པ་དང་དབུལ་པོ་1ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

    “འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས། ཞོ་ཚོང་ཁང་ཚུད་པའི་གྲོང་རྡལ་དབུལ་སྐྱོར་ཀུང་སི་5ཡིས་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་21གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1147ལ་ཁེ་སྤོགས་སྒོར་ཁྲི་22.94བགོ་བཤའ་བརྒྱབ་པ་རེད”ཅེས་གྲོང་རྡལ་སྲིད་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པ་ཀྲའོ་ཡན་ལུང་གིས་གསར་འགོད་པར་བཤད།

    ད་ཆ། ཞོ་ཚོང་ཁང་གིས“དབུལ་སྐྱོར་ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི(འབྲོག་ར) དུད་ཚང་དབུལ་པོ་བཅས་མཉམ་འབྲེལ”གྱི་གཉེར་སྐྱོང་བྱ་ཐབས་བཏོད་ཡོད། ཞོ་ཚོང་ཁང་གི་རྣམ་གྲངས་ལེགས་གྲུབ་བྱུང་བ་དེ་རྒྱལ་ཁབ་ཀྱི“དམངས་ཀྱིས་བྱ་གཞག་བསྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”བྱ་ཐབས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་ཕན་སྲིད་ཇུས་ལས་ཕན་པ་ཐོབ་པ་ཤིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།