[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ས་མཐོའི་གཅེས་ནོར་གྱིས།

    རང་མི་རིགས་ཀྱི་ཐོན་ཟོག་ཅིག་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    “ཧའོ་ཧྲེང་200ཡོད་པའི་འབྲིའི་འོ་མ་འགྱིག་དམ་གང་ལ་སྐྱེ་ལྡན་མིན་པའི་ཁྲོམ་རའི་རིན་གོང་སྒོར་14.8དང་། སྐྱེ་ལྡན་གྱི་ཁྲོམ་རའི་རིན་གོང་སྒོར་22ཡིན་པ་རེད། ངའི་བསམ་པར་དེ་ནི་ཁྱེད་ཀྱིས་མིག་སྔར་ཐོས་པའི་འོ་མའི་ནང་གི་རིན་གོང་མཐོ་ཤོས་ཤིག་ཡིན་ཤས་ཆེ”ས་མཐོའི་གཅེས་ནོར་དཀར་ཆུའི་ལས་རིཌ་མ་རྐང་ཚད་ཡོད་ཀུང་སིའི(གཤམ་ལ་ས་མཐོའི་གཅེས་ནོར་ཞེས་བསྡུ་རྒྱུ)ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ལྷ་སའི་རྟེན་གཞིའི་ཏུང་ཧྲི་ཀྲང་མའོ་ཕུའུ་ཐའོ་ཡིས་གསར་འགོད་པར་ས་མཐོའི་གཅེས་ནོར་དེ་གཙོ་བོ་ས་བབ་མཐོ་བའི་ཐོན་ཁུངས་སྤྱད་དེ་སྤུས་རྟགས་ཡག་ཤོས་ཀྱི་ངེས་གནས་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་ཞབས་ཞུ་མཁོ་འདོན་བྱས་ནས་རྩེར་སོན་གྱི་འཛད་སྤྱོད་པར་ཕྱོགས་བཞིན་ཡོད།

    2000ལོའི་ཟླ་5པར་བཙུགས་པའི་ས་མཐོའི་གཅེས་ནོར་ནི་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱིས་མ་རྐང་ནང་ཞུགས་ཏེ་མཉམ་ལས་བྱས་པའི་མཉམ་འདྲེས་སྤྱི་དབང་ལམ་ལུགས་ཀྱི་ཁེ་ལས་ཤིག་རེད། མའོ་ཕུའུ་ཐའོ་ཡིས“བོད་ལ་བྲིན་ཚོང་ས་ཚིགས་1500ལྷག་ཙམ་བཙུགས་པ་དེ་དག་གིས་ཁྲོམ་རའི་བཟུང་ཚད་70%ཟིན་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་རྩེར་སོན་ཁྲོམ་ར་380ལྷག་ཙམ་དུ་ས་མཐོའི་གཅེས་ནོར་གྱི་ཐོན་ཟོག་ཆེད་ཚོང་ཁྲོམ་བཀྱག་བཙུགས་པ། དྲ་ཐོག་ཏུ་ས་མཐོའི་གཅེས་ནོར་གྱི་གཞུང་ཕྱོགས་དྲ་ཚིགས་དང་། ཐེན་མའོ། ཅིང་ཏུང་སོགས་ཆེད་དམིགས་ཕྱིར་ཚོང་ཁང་ཡོད། ང་ཚོས‘ཀུང་སི+རྟེན་གཞི+གཉེར་སྐྱོང་མཉམ་ལས་རྩ་འཛུགས+འབྲོག་པ+འབྲི་གཡག་ངོས་བཟུང་གསོ་ཚགས’བཅས་ཀྱི་ཐོན་ལས་ཡོངས་ཀྱི་མུ་འབྲེལ་བྱ་ཐབས་སྤྱད་དེ་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག རྒྱུན་མཐུད། ཟུར་བསྣན་རིན་ཐང་མཐོ་བ་བཅས་ཀྱི་ཐོན་ལས་ཅན་གྱི་སྐྱེ་ལྡན་སྣོད་བཅུད་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་རྒྱུར་མཐའ་འཁྱོངས་བྱེད་ཀྱི་ཡོད”ཞེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་གཅེས་ནོར་གྱིས་བོད་དུ་འོ་མ་ཐོན་སྐྱེད་ས་ཚིཌ་26དང་། མཉམ་ལས་ཁང་5 དཔེ་སྟོན་རྟེན་གཞི་6བཅས་བཙུཌ་ཡོད། ས་གནས་དེ་གའི་མང་ཚོགས་དང་འོ་མ་སོས་པ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་བརྒྱུད། འོ་མ་ཉུང་བའི་སྐབས་ཆ་སྙོམས་ཉིན་རེར་འོ་མ་ཏུན་20ཡན་དང་། འོ་མ་མང་བའི་སྐབས་ཆ་སྙོམས་ཉིན་རེར་འོ་མ་ཏུན་40ཡན་བཞོ་རྒྱུ་ཡོད་པ་དང་། 2018ལོར་འོ་མ་སོས་པ་ཏུན་ཁྲི་1ཙམ་ཉོས་ཤིང་། ཞིང་འབྲོག་པ་དུད་ཚང་2500ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་200ལྷག་ཙམ་གྱི་ལས་ཞུཌ་གནད་དོན་ཐག་གཅོད་བྱས་ཡོད།

    653313_yis_1565929373957.jpg

    འདི་ནི་ས་མཐོའི་གཅེས་ནོར་གྱི་ལས་དོན་མི་སྣས་འབྲོག་ཁུལ་དུ་འབྲིའི་འོ་མ་སོས་པ་ཉོ་སྒྲུབ་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།