[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཡོང་འབབ་མང་དུ་སོང་། འཛུམ་མདངས་རབ་ཏུ་རྒྱས།

    ཆུ་ཤུར་རྫོང་སྟག་གདོང་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    སྟག་གདོང་གྲོང་ཚོའི་གྲོང་རྣམ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས་ཀྱིས། རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་ཁྲིད་དང་། ཐོན་ལས་མཉམ་འབྲེལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ཞིང་། ན་ནིང་བར། གྲོང་ཚོའི་གྲོང་མི་ཡོངས་ལ་མཉམ་སྡེབ་ཁེ་སྤོགས་ཐེངས་གསུམ་བགོ་འགྲེམས་བརྒྱབ་པ་རེད། 2016ལོའི་ཟླ་4པར། ཡུས་ཧྲང་ཧའོ་མའེ་ཚོགས་པའི་འོག་གི་ཧའོ་མའེ་པོ་ཏ་ལ་ཀུང་སི་དང་། སྣེའུ་གྲོང་ཁྱེར་མ་འཇོག་ཀུང་སི། སྟག་གདོང་གྲོང་ཚོའི་གྲོང་མི་ཨུ་ལྷན་བཅས་ཕྱོགས་གསུམ་གྱིས་མཉམ་དུ་སྣེའུ་ཧའོ་མའེ་གྲོང་གསེབ་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་བཙུགས་པ་དང་། “སྟག་གདོང་གྲོང་ཚོའི་གྲོང་རྣམ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས”དངོས་སུ་ལག་བསྟར་བྱེད་འགོ་ཚུགས། རྣམ་གྲངས་དེས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་སྐུལ་ཁྲིད་བྱས་པ་བརྒྱུད། བདེ་སྐྱིད་གླིང་ཁ་དང་། “ལྷ་སའི་མི་ཚང”གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་། མུའུ་སྟོང་གི་མེ་ཏོག་རྒྱ་མཚོ་སོགས་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་སྔ་རྗེས་སུ་བསྐྲུན་པས། སྔར་གྱི་ས་མཐོའི་གྲོང་ཚོ་ཆུང་ཆུང་དེར་འགྱུར་ལྡོག་ཆེན་པོ་བྱུང་ལ། ཐོན་ལས་ཕྱུག་འགྱུར་གྱི་བདུད་རྩི་སྟག་གདོང་གྲོང་ཚོའི་ཁྱིམ་ཚང་མི་རེ་ངོ་རེར་བབས་ཡོད།

    “ལྷ་སའི་མི་ཚང”གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་སྦྱིན་བདག་བགྲེས་སོང་ཚེ་རིང་དབང་འདུས་དེ་བས་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས། “ལོ་དེ་དག་རིང་གི་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ། ཡུལ་སྐོར་བ་ཁ་ཤས་ཀྱིས་མཉམ་དུ་ཁང་མིག་ཆ་ཚང་གླས་ཏེ་བོད་རིགས་ཀྱི་འཚོ་བར་མྱོང་རོལ་བྱེད་ཀྱི་འདུག་པས། ང་ཚོའི་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་སོང”ཞེས་ཚེ་རིང་དབང་འདུས་ཀྱིས་འཛུམ་མདངས་འཕྱུར་བཞིན་བཤད།

    མིག་སྔར། སྟག་གདོང་གྲོང་ཚོའི་རིག་གནས་ཡུལ་སྐོར་ཐོན་ལས་ལ་ད་ཡོད་ལས་མི་90ཡོད་པའི་ནང་ནས་70%ནི་ས་གནས་དེ་གའི་ཡུལ་མི་ཡིན་པ་དང་། ལོ་ཧྲིལ་པོར་ཡུལ་མི་ཚོར་སྤྲད་པའི་གླ་ཆ་ཁྱོན་སྒོར་ཁྲི་182ཟིན་ཞིང་། ས་གནས་ཀྱི་མི་སེར་ལ་ཡོང་འབབ་ཁྱོན་སྒོར་ཁྲི་240ལྷག་ཙམ་བྱུང་ནས་ཡུལ་དེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    2018ལོར་སྟག་གདོང་གྲོང་ཚོས་ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་40ལྷག་ཙམ་ལ་སྣེ་ལེན་ཞུས་པར། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་697ཟིན་ནས་སླར་ཡང་ཡུལ་སྐོར་ཡོང་འབབ་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

    སྟག་གདོང་གྲོང་ཚོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་བརྟེན་པའི“གླིང་ཁའི་དཔལ་འབྱོར”དེ་ཉིད་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར“མཆོག་ནོར”ལྟ་བུར་གྱུར་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།