[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཤིང་འཛུགས་ནགས་བཟོ་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་བྱས་པ།

    ​ ཆབ་མདོ་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེཌ་བྱས་པའི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྣོད་བཅུད་དབུལ་སྐྱོར་གསར་གཏོད་ཀྱི་བྱ་ཐབས་བརྒྱུད་སྣོད་བཅུད་འཛུགས་སྐྲུན་བྱེད་རིང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་དང་། ལྗང་མདོག་འཕེལ་རྒྱས་ཁྲོད་དབུལ་ཕོངས་མེད་པ་བཟོ་བ། རི་སྔོན་ཆུ་དྭངས་ཁྲོད་དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་གྲྭ་འཛུགས་སྐྲུན་ཡག་པོ་བྱས་པ། ཐོན་ལས་གསར་གཏོད་དང་འཕེལ་རྒྱས་བཏང་བ་བཅས་ལས། དབུལ་སྐྱོར་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་གཉིས་ཕན་ཚུན་མཐུན་སྦྱོར་བྱུང་ཁར་དབུལ་སྒྲོལ་ཕྱུག་འགྱུར་དང་རྒྱུན་མཐུད་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།

    “ལམ་སྲོལ་ཆེན་པོ་བཞི”འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བའི་འགན་ལེན་བྱས་པ།

    ཆབ་མདོ་གྲོང་ཁྱེར་གྱིས་དུད་ཚང་དབུལ་པོ་དང་མི་འབོར་དབུལ་པོ་སྣོད་བཅུད་ལས་གནས་མི་སྣར་གདན་ཞུ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། ཡོངས་བསྒྲགས་དང་དྲང་པོ་དྲང་གཞག་གི་ཐོག་ནས་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོ་སྣོད་བཅུད་དོ་དམ་མི་སྣར་འདེམས་སྒྲུག་བྱས་ནས་སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་ཀྱི་ལས་གནས་ལམ་སྲོལ་དང་། ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ། རང་བྱུང་སྲུང་སྐྱོང་འདུ་འགོད་དོ་དམ་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་བཅས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་དབུལ་སྐྱོར་དོན་ཐོག་ཏུ་འཁྱོལ་བ་དང་ལྗང་མདོག་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུའི་འགན་ལེན་ནུས་ལྡན་བྱས་པ་རེད།

    རིམ་རྩིས་ལྟར་ན་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་3700ལྷག་ཙམ་ལ་ཁ་གསབ་སྤྲད་པ་དང་། འདུ་འགོད་ཁུལ་གྱི་མུའུ་ཁྲི་1900ལྷག་ཙམ་ཟིན་པའི་རང་བྱུང་ནགས་ཚལ་ལ་ལོ་ལྟར་དོ་དམ་ནན་པོ་དང་དོ་དམ་སྲུང་སྐྱོང་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། རྒྱ་ཁྱོན་མུའུ་ཁྲི་8000ལྷག་ཙམ་ལ་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྤྲད་པ། སྣོད་བཅུད་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་མང་ཚོགས་ཀྱི་འབབ་འཕར་འགན་ལེན་གང་ལེགས་བྱས་པ་དང་འབྲེལ་འཁོར་རྒྱུག་བཟང་པོ་བྱུང་ཡོད།

    “འདུ་འགོད་ཆེན་པོ་ལྔ”ལག་བསྟར་བྱས་ཏེ་མང་ཚོཌ་ཕྱུག་པོ་ཆཌ་རྒྱུར་ཁྲིད་སྟོན་བྱས་པ།

    བསྡོམས་རྩིས་བྱས་པར་གཞིགས་ན། རིམ་རྩིས་ལྟར་ན་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོའི་འདུ་འགོད་རྒྱ་ཁྱོན་མུའུ་ཁྲི་14.83ལེགས་གྲུབ་ཟིན་པ་དེས་རང་སྐྱོང་ལྗོངས་ཀྱི་45.5%བཟུང་བ་དང་། མི་འབོར་ཁྲི་15ལྷག་ཙམ་ལ་ཕན་པ་ཐོབ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1000ལྷག་ཙམ་ཟིན་ཡོད། དུས་མཚུངས་སུ་2019ལོར་རྒྱལ་ཁབ་ཀྱིས་མུའུ་ཁྲི་96800རྨོ་བསྐྱུར་ནགས་གསོ་བྱ་རྒྱུའི་ལས་འགན་གཤམ་སྤྲོད་བྱས་པ་དང་། 2020ལོར་ལེགས་གྲུབ་ཡོང་རྒྱུ་ཡིན་པ་རེད།

    དཔལ་འབར་དང་། བྲག་གཡབ། འཇོ་མདའ། རི་བོ་ཆེ་བཅས་རྫོང་བཞིར་མུའུ་ཁྲི་གཉིས་ལྷག་ཙམ་ཟིན་པའི་རྨོ་བསྐྱུར་ནགས་གསོའི་འདུ་འགོད་ལག་བསྟར་ཟིན་པ་དེའི་ནང་ཞིང་འབྲོག་པའི་དུད་ཁྱིམ་5800ཚུད་ཡོད་པ་དང་དུད་ཁྱིམ་རེར་ཆ་སྙོམས་ཡོང་འབབ་སྒོར་3100བྱུང་ཡོད། 2019ལོའི་རྣམ་གྲངས་ནང་ཁ་རུབ་དང་། གོ་འཇོ། འཇོ་མདའ། སྟེང་ཆེན། མཛོ་སྒང་། སྨར་ཁམས་བཅས་རྫོང་དང་ཆུས་6ཚུད་ཡོད་པ་དང་། རྒྱ་ཁྱོན་མུའུ་13130བསྐྲུན་རྩིས་ཡོད་པས་མང་ཚོགས་དེ་བས་མང་བར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད།

    བྲག་གཡབ་དང་དཔལ་འབར་རྫོང་དུ་བྱེ་འགོག་བྱེ་བཅོས་ལག་བསྟར་བྱས་ཏེ་ཡུན་ཧྲན་གསོམ་ཤིང་དང་། ཡོ་འབོག རྒྱལ་རྩེའི་གླ་ཚེར་སོགས་མུའུ་500ལྷག་ཙམ་འདེབས་འཛུགས་བྱས་པས། བྲག་གཡབ་དང་དཔལ་འབར་རྫོང་གཉིས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་1500ཙམ་ལ་ཕན་པ་ཐོབ་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་2000ཙམ་བྱུང་ཡོད། འདི་ལོ་མ་དངུལ་སྒོར་ཁྲི་600བཏང་ཏེ་ཁ་རུབ་ཆུས་དང་དཔའ་ཤོད་རྫོང་དུ་བྱེ་འགོག་བྱེ་བཅོས་རྣམ་གྲངས་བཀོད་སྒྲིག་བྱས་པ་དང་མུའུ་1600ལག་བསྟར་བྱ་རྩིས་ཡོད་པ་རེད།

    “ཐོན་ལས་ཆེན་པོ་གཉིས”གསར་གཏོད་བྱས་ནས་ཁོར་ཡུག་དང་དམངས་འཚོ་གཉིས་ཀར་ཕན་པ་ཐོབ་པར་བྱས་པ།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་དཔེ་མཚོན་གྱི་མིག་དཔེ་དང་འཇོན་ཐང་ཅན་གྱི་སྣེ་ཁྲིད་འོག“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་བྱ་ཐབས་བརྒྱུད། དཔལ་འབྱོར་ནགས་ཚལ་ཐོན་ལས་དང་ནགས་ལས་དབུལ་སྐྱོར་གྱི་སྡོང་ཕྲུག་ར་བ་འཛུགས་སྐྲུན་བྱ་རྒྱུ་གསར་གཏོད་འཕེལ་རྒྱས་བཏང་བས། ཐོན་ལས་འཕེལ་རྒྱས་ཀྱིས་དབུལ་སྐྱོར་ལ་སྣེ་ཁྲིད་བྱས་ཏེ་མང་ཚོགས་ལ་འབབ་འཕར་བྱུང་བས། ཁོར་ཡུག་དང་དམངས་འཚོ་གཉིས་ཀར་ཕན་པ་ཐོབ་པ་རེད།

    དཔལ་འབྱོར་ནགས་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་6000ལྷག་ཙམ་སྣེ་ཁྲིད་བྱས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་3000ལྷག་ཙམ་བྱུང་བ་རེད། ཆབ་མདོ་གྲོང་ཁྱེར་གྱིས་སྡོང་ཕྲུག་ར་བ་འཛུགས་སྐྲུན་གྱི་བྱ་ཐབས་གསར་གཏོད་དང་སྡོང་ཕྲུག་ར་བ་འཛུགས་སྐྲུན་བྱས་ནས་སྡོང་ཕྲུག་གསོ་བ་དང་དོ་དམ་བྱེད་རིང་ལག་རྩལ་གསོ་སྦྱོང་བྱས་པ་དང་། མང་ཚོགས་སྡོང་ཕྲུག་ར་བ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཅིང་། མང་ཚོགས་1400ལྷག་ཙམ་ལ་ཕན་པ་ཐོབ་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6300བྱུང་བ་དང་འབྲེལ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ས་ཞིང་ཁོད་སྙོམས་པ་དང་། ཆུ་འདྲེན་སྒྲིག་བཀོད་བཟོ་སྐྲུན། སྡོང་ཕྲུག་ར་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་6.55བྱུང་བ་རེད།

    661623_yis_1568628925726.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་ནགས་ཚལ་སྣོད་བཅུད་ཕན་འབྲས་གསོ་སྐྱོང་རྣམ་གྲངས་ཀྱི་ནགས་བཟོ་བྱ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།