[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རྒྱལ་སྟོན་གུང་གསེང་རིང་རང་ལྗོངས་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.2བྱུང་བ།

    ཡུལ་སྐོར་བ་མི་ཐེངས་ཁྲི་159ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    བརྗིད་ཆགས་ངོ་མཚར་ཆེ་བའི་ཞང་ཞུང་གནའ་བོའི་མཁར་རྫོང་དང་། འདབ་བརྒྱ་ལྷུག་པོར་གྲོལ་བའི་མུའུ་ཁྲི་ཡི་མེ་ཏོག་གླིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྩེར་སོན་གླིང་ག་སོགས་ལྷ་ས་སྟོད་ལུང་གཙང་པོའི་རྒྱུད་ཀྱི་གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོར་གནས་པའི་ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་གྲོང་སྡེ་ཆུང་ངུ་ཟླ་10ཚེས་1ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གནས་དེར་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཅིང་། ཉིང་ཞ་ནས་ཡིན་པའི་ཡུལ་སྐོར་བ་ཀྲང་ཞང་དབྱང་གིས་དགའ་སྤྲོ་ཆེན་པོའི་ངང“གནས་འདིར་མྱོང་རོལ་དུ་ཡོང་ན་ཤིན་ཏུ་ཡག་པོ་འདུག ངས་ཞང་ཞུང་མེ་ཏོག་རིག་གནས་ཡུལ་སྐོར་གྲོང་སྡེ་ཆུང་ངུ་དེ་ཡུལ་སྐོར་གྱི་འཆར་གཞིའི་ནང་བཅུག་པས་ཧ་ཅང་ཡག་པོ་བྱུང་སོང”ཞེས་བརྗོད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། 2019ལོའི་རྒྱལ་སྟོན་གུང་གསེང་རིང་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་1592280ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་16.8%འཕར་བ་དེའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་622944ལ་སྣེ་ལེན་ཞུས་པ་དང་། ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་969336ལ་སྣེ་ལེན་ཞུས་ཡོད། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་82034ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་18.2%འཕར་བ་དང་། ལྷ་ས་གྲོང་ཁུལ་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་ཡུལ་སྐོར་བ་ཞག་སྡོད་བྱེད་ཚད་76.37%ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།