[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཚོ་སྨད་རྫོང་གིས་དངོས་ཟོག་དང་རིག་གནས་སྤེལ་རེས་འདུ་ཚོགས་སྐབས་བཅུ་དགུ་པ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    ས་གནས་ཀྱི་དཔལ་འབྱོར་འཁྲུག་ཆ་དོད་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ། ཚོང་ཟོག་འདུ་འགྲེམས་དང་རིག་གནས་སྤེལ་རེས་མཉམ་འགུལ་ལ་རམ་འདེགས་བྱ་ཆེད། ཉིན་ཤས་གོང་མཚོ་སྨད་རྫོང་གིས་དངོས་ཟོག་དང་རིག་གནས་སྤེལ་རེས་འདུ་ཚོགས་སྐབས་བཅུ་དགུ་པ་གཉེར་བ་རེད།

    ད་རེས་ཀྱི་སྤེལ་རེས་འདུ་ཚོགས་གཙོ་གཉེར་བྱེད་མཁན་ཡིན་པའི་ཆ་ནས་མཚོ་སྨད་རྫོང་གི་ཁྱད་ལྡན་ཐོན་རྫས་གྲི་གུ་རྩྭ་ཐང་གི་ཚགས་ཤ་དང་ལུག་ཤ་དང་། ས་གནས་དེ་གའི་བོད་བཟོའི་གྱོན་ཆས་དང་། ལྷམ། ཞྭ་མོ་བཅས་དང་དེ་བཞིན་ཁྱད་ལྡན་ཞིང་ཞོར་ཐོན་རྫས་སྣ་ཚོགས་དང་འཚོ་བའི་མཁོ་ཆས་སོགས་ལ་འཛད་སྤྱོད་པའི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་དེའི་སྤེལ་རེས་འདུ་ཚོགས་ཀྱིས་ཁྱོན་འགྲེམས་ཞུཌ་ཚོང་དུད་300ལྷག་ཙམ་གྱི་ཡིད་དབང་བཀུག་ནས་ཚོང་ཟོག་300ལྷག་ཙམ་མཁོ་འདོན་བྱས་པ་དང་གྲངས་འབོར་ཐད་ལོ་སྔོན་མ་དང་བསྡུར་ན་ཅུང་འཕར་ཡོད། འགོ་ཚུགས་ཀྱི་ཉིན་ཁོ་ནར་ཚོང་འགྲིག་ཚད་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད། དེ་དང་ཆབས་ཅིག་རྫོང་དེས་ད་དུང་སྤེལ་རེས་འདུ་ཚོགས་འཚོག་ཡུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱེད་སྒོ་དང་2019ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་མི་བསྡུ་བའི་རྩེར་སོན་འདུ་ཚོགས་ཀྱང་གཉེར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།