[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུས་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་བ།

    ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་གསུམ་ལས་བརྒལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

     ཉེ་ཆར་གསར་འགོད་པར་ནག་ཆུ་གྲོང་ཁྱེར་གྱིས་འཚོགས་པའི་ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་ནག་ཆུ་གྲོང་ཁྱེར་དུ་ཉིན་ལྟར་ཆ་སྙོམས་ཐོ་འགོད་མཁན་ཁྲོམ་རའི་བྱེད་པོ་དུད་ཚང་17ཡོད་པ་དང་འདི་ལོ་གསར་དུ་ཐོ་འགོད་མཁན་ཁྲོམ་རའི་བྱེད་པོ་དུད་ཚང་6013བྱུང་བ་རེད། གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་3ཚད་བརྒལ་ཟིན་པ་དང་དུད་ཚང་30070ཟིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་337.03ཟིན་པ་དེ་དུས་མཚུངས་ལས་8%དང་17.7%སོ་སོ་འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གུ་ཡངས་དང་སྟབས་བདེའི་འཇུག་འཐུས་ཁོར་ཡུག་ཅིག་བཏོད་ནས་ཐོ་འགོད་མ་དངུལ་རྗེས་འདོན་ལམ་ལུགས་སྒྱུར་བཅོས་ལག་བསྟར་བྱས་པ་དང་ཁེ་ལས་གཉེར་སྐྱོང་བྱ་ཡུལ་གྱི་ཐོ་འགོད་ཆ་རྐྱེན་ལྷུག་ཏུ་བཏང་བ་མ་ཟད། “སྔོན་ལ་ཚོང་ལས་ལག་ཁྱེར་དང་རྗེས་སུ་འཇུག་འཐུས་ལག་ཁྱེར”སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སྔོན་སྒྲུབ་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་པའི་རྣམ་གྲངས་32སོར་ཉར་བྱས་པ་དང་རྗེས་སྒྲུབ་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་པའི་རྣམ་གྲངས་147བར་ཉུང་དུ་བཏང་བས་ཐོ་འགོད་པའི་དུས་ཚོད་གྲོན་ཆུང་ཆེན་པོ་ཐུབ་ཡོད། ཁེ་ལས་ཀྱི་སྲིད་ཇུས་ལྷུག་ཏུ་གཏོང་ཆེད་མིག་སྔར་གྲོང་ཁྱེར་ཡོངས་ཀྱིས“ལག་ཁྱེར་མང་སྒྲིལ་དང་ཨང་རྟགས་ལོགས་འགོད”བྱས་ནས་ཚོང་གཉེར་ལག་ཁྱེར་4187སྤྲད་པ་དང་ལག་ཁྱེར་བརྗེ་ཚད་98%ཟིན་ཡོད། ཁེ་ལས་གཉེར་བར་དུས་ཡུན་ཉིན་གཉིས་ལས་འགོར་གྱི་མེད་པས་རྒྱ་ཆེའི་ཁྲོམ་རའི་བྱེད་པོ་ཚོར་དེ་བས་སྟབས་བདེ་དང་ནུས་ཆེའི་འཇུག་འཐུས་ཁོར་ཡུག་བསྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།