[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-30

    ཉིན་ཤས་གོང་། ལྗོངས་བཟོ་ཚོང་མཉམ་འབྲེལ(སྤྱི་ཁྱབ་བཟོ་ཚོང)གྱི་སྐབས་དྲུག་པའི་ལག་བསྟར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། ལོ་མཇུག་བར་ཤིན་ཏུ་དབུལ་པོ་སེལ་བའི་དམིགས་ཚད་མངོན་འགྱུར་ཐུབ་ཆེད། ལྗོངས་བཟོ་ཚོང་མཉམ་འབྲེལ་གྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཁག་ལ་དེར་ཞུགས་རྒྱུའི་སྐུལ་སློང་ཡང་བྱས་པ་རེད། མིག་སྔའི་བར། རང་ལྗོངས་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”རྩིས་ཁྲ་ཐོ་འགོད་མ་ལག་ནང་དམངས་གཉེར་ཁེ་ལས་703བཅུག་ནས། གྲོང་ཚོ་དབུལ་པོ་1049(དེ་དག་ལས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་1042ཡོད་པ)ལ་ཆ་སྒྲིག་རོགས་སྐྱོར་དང་མི་འབོར་དབུལ་པོ་82018ལ་རོགས་སྐྱོར་བྱས་ནས། ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར། སྤྱི་ཕན་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བའི་རྣམ་གྲངས་རོགས་སྐྱོར་བྱེད་ཚད་སྒོར་དུང་ཕྱུར་23.2ཟིན་ཡོད་པ་རེད།

    གཞན་ཡང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་རང་ལྗོངས་ཀྱིས་ནང་འདྲེན་བྱས་པའི་ལྗོངས་ཕྱིའི་ཁེ་ལས་ཆེ་གྲས་ཐེན་ཅིའུ་མཉམ་སྤྱོད་མ་རྐང་ཚོད་འཛིན་ཚོགས་པས་རང་སྐྱོང་ལྗོངས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་1000ཞལ་འདེབས་བརྒྱབ་པ་དང་། ལྷ་ས་རྣམ་སྲས་འཛུགས་སྐྲུན་ཚོགས་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱིས་2019ལོའི་རྒྱལ་ཡོངས་ཀྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་མཁན་སྔོན་ཐོན་དམངས་གཉེར་ཁེ་ལས་ལ་བདམས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།