[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2019ལོར་རིམ་རྩིས་བརྒྱབ་ན་བོད་དུ་དངོས་ཟོག་སྐྱེལ་འདྲེན་ཏུན་ཁྲི་769.74བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-04

    2020ལོའི་ལོ་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་བོད་དུ་དངོས་ཟོག་ནུས་ཆེའི་ངང་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ན་ནིང་གི་ལོ་མཇུག་དང་འདི་ལོའི་ལོ་འགོའི་ལས་དོན་གལ་ཆེན་དུ་བརྩིས་ཏེ་བོད་ཀྱི་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ནས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་དགའ་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་གྱི་དགུན་དུས་སྐྱེལ་འདྲེན་གྱི་བོད་དུ་དབོར་འདྲེན་བྱེད་པའི་དམངས་འཚོའི་དངོས་ཟོག་གཙོ་བོ་ནུས་རྒྱུ་དང་། འབྲུ་རིགས། འཛུགས་སྐྲུན་རྒྱུ་ཆ་སོགས་ཀྱི་རིགས་ཡོད་པ་དང་། བོད་ཀྱི་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་གྱི་ཁྲོམ་རའི་དགོས་མཁོ་གནད་སྨིན་ངང་ཤེས་རྟོགས་བྱ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་གཉེར་སྐྱོང་མི་སྣ་སྒྲིག་འཛུགས་བྱས་ཏེ་དོ་དམ་བྱ་ཡུལ་ནང་གི་ཁྲོམ་རའི་བརྟག་དཔྱད་ལ་ཤུགས་སྣོན་བརྒྱབ་པ་དང་། གཙོ་གནད་ཚོང་དུད་ལ་འཚམས་འདྲི་དང་དུས་བཀག་ལྟར་སྦྱིན་བདག་དང་དབོར་འདྲེན་འགན་ལེན་ཚན་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་འབྲུ་རིགས་དང་། རྒྱུན་མཁོའི་ཚོང་ཟོག་ཙག་ཙིག ཤིང་འབྲས་སྔོ་ཚལ། འཐུང་ཆུ་སོགས་དུས་ཆེན་རིང་ལ་བོད་དུ་ནང་འདྲེན་བྱེད་དགོས་པའི་དམངས་འཚོའི་དངོས་ཟོག་གི་སྐྱེལ་འདྲེན་སྒུལ་རྣམ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས་ཚོང་དུད་ལ་མཛོད་ཉར་མདུན་སྤོས་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དངོས་ཟོག་སྐྱེལ་འདྲེན་གྱི་མེ་འཁོར་སྐྱེལ་འདྲེན་བྱེད་མང་བའི་སྐབས་དང་མཉམ་དུ་མི་འཁེལ་བ་བྱས་པ་རེད།

    སྡོམ་རྩིས་བརྒྱབ་པར་གཞིགས་ན། 2019ལོའི་ཟླ་12ཚེས་31ཉིན་བར། 2019ལོའི་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུར་ཉིན་རེར་ཆ་སྙོམས་དངོས་ཟོག་སྐྱེལ་འདྲེན་གྱི་མེ་འཁོར་ཆ་10.8བཏང་བ་དེ་དུས་མཚུངས་ལས་ཆ་2ཀྱིས་མང་དུ་བཏང་བ་དང་རིམ་རྩིས་བརྒྱབ་ན་བོད་དུ་དངོས་ཟོག་སྐྱེལ་འདྲེན་ཏུན་ཁྲི་769.74བྱས་པ་དེ་དུས་མཚུངས་ལས་26%འཕར་ཏེ་བོད་དུ་ནུས་ཆེའི་ངང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་འགན་ལེན་ནུས་ལྡན་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།