[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་སས་གནད་སྨིན་དབུལ་སྐྱོར་གྱི་ལས་ཞུགས་ཆེད་དོན་ལས་བསྡུའི་ཚོགས་འདུ་འཚོགས་པ།

    ལས་ཞུགས་ལས་གནས་6000ལྷག་ཙམ་མཁོ་འདོན་བྱས་པ་དང་ལས་ཀ་འཚོལ་མཁན་མི་ཐེངས་7000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ལྷ་ས་གྲོང་ཁྱེར་ལས་བརྟེན་དབུལ་སྐྱོར་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གིས་གཉེར་འགན་ཁུར་བའི“ལྷ་ས་གྲོང་ཁྱེར་གྱི་2017ལོའི་དཔྱིད་རླུང་བྱ་སྤྱོད་དང་གནད་སྨིན་དབུལ་སྐྱོར་གྱི་ལས་ཞུགས་ཆེད་དོན་ལས་བསྡུའི་ཚོགས་འདུ”ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གླིང་གཉིས་པར་འཚོགས་པ་རེད།

    གྲ་སྒྲིག་འཐུས་ཚང་དང་དྲིལ་བསྒྲགས་གནད་ལ་འཁེལ་པོ་བྱུང་བས་ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུར་གྲུབ་འབྲས་ཡག་པོ་ཐོབ་པ་དང་ཆུ་ཚོད་4ཡི་རིང་ས་གནས་ས་ཐོག་ཏུ་ལས་ཀ་འཚོལ་བར་ཡོང་མཁན་ཧ་ཅང་མང་པོ་ཡོད། ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུར་མི་སྤྱོད་ཚན་པ་200ལྷག་ཙམ་གྱིས་ལས་ཞུགས་ལས་གནས་6000ལྷག་ཙམ་མཁོ་འདོན་བྱས་པ་དང་ལས་ཀ་འཚོལ་བར་ཡོང་མཁན་མི་ཐེངས་7000ལྷག་ཙམ་ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དཔྱིད་རླུང་བྱ་སྤྱོད”སྤེལ་ཚུན། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཕྱོགས་གཅིག་ནས་དུས་འགོར་གྲོང་ཁྱེར་ཡོངས་ཀྱི་རིགས་ཁག་གི་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དང་ལས་གནས་ཆ་འཕྲིན་སོགས་ཞིབ་བཤེར་དང་འཚོལ་བསྡུ་བྱས་པ་བརྒྱུད། དུས་ཐོག་ཏུ་རྒྱ་ཆེའི་ངལ་རྩོལ་པ་དབུལ་པོ་དང་། ལས་ཞུགས་གཞན་སྒྱུར་བྱས་པའི་ཞིང་འབྲོག་པ། མཐོ་སློབ་སློབ་ཐོན་སློབ་མ། སྤྱི་ཚོགས་ཀྱི་ལས་ཀ་འཚོལ་མཁན་སོགས་དང་མི་སྤྱོད་ཚན་པའི་དབར་འབྲེལ་ཟམ་བཙུགས་པ་དང་། ཕྱོགས་གཞན་ཞིག་ནས་རྗེས་མཐུད་དང་རྗེས་སྙེག་ཞབས་འདེགས་ཞུས་པ་བརྒྱུད་ཁེ་ལས་དང་ལས་ཀ་འཚོལ་མཁན་དབར་ངལ་རྩོལ་གན་རྒྱ་འཇོག་རྒྱུར་གཞོགས་འདེགས་དང་ལྟ་སྐུལ་བྱས་པ་རེད། དེ་དང་ཆབས་ཅིག ལས་ཀ་འཚོལ་མཁན་ལ《ཁེ་ལས་ཀྱི་མི་སྤྱོད་ལས་གནས་ཆ་འཕྲིན་ལག་དེབ》དང《ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཕྱོགས་སྟོན》སོགས་དྲིལ་བསྒྲགས་ཡིག་ཆ་རིན་མི་དགོས་པར་སྤྲད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ལས་བསྡུའི་ཚོགས་འདུ་གཙོ་བོར་བྱས་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་མ་ལག་ཁྱབ་གདལ་ཧུར་ཐག་བཏང་བ་དང་རིམ་པ་མང་བ་དང་ཐབས་ལམ་མང་བའི་ལས་བསྡུའི་ཞབས་འདེགས་ཞུ་སྟངས་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་སྤེལ་རེས་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་པ་དང་། “ལས་མི་བསྡུ་དཀའ་བ་དང་ལས་ཞུགས་བྱེད་དཀའ་བའི”གནད་དོན་ཐག་གཅོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་དང་ལས་ཞུགས་བསྐྱར་མ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།