[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ།

    སྡེ་ཁུལ་དུ་དང་བླངས་གཅེས་སེམས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    395697_yis_1494827133801_s.jpg

    དང་བླངས་ཞབས་ཞུ་རུ་ཁག་གི་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་པས་བགྲེས་སོང་ལ་བོད་སྨན་སྤྲོད་བཞིན་པ།

    395696_yis_1494827133224_s.jpg

    དང་བླངས་ཞབས་ཞུ་རུ་ཁག་གིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་བདེ་ཐང་ཤེས་བྱའི་སྐོར་གྱི་ཀློག་དེབ་སྤྲོད་པའི་གནས་ཚུལ་ཡིན་པ།

     “སྐྱེས་འབུལ། མཛའ་མཐུན། རོགས་རེས། ཡར་རྒྱས”བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བུད་མེད་དང་བླངས་ཞབས་ཞུའི་བྱེད་སྒོ་ནུས་ལྡན་ངང་སྤེལ་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་དང་བླངས་ཞབས་ཞུ་སྤྱི་ཚོགས་ཀྱི་དོ་དམ་ལ་ཧུར་ཐག་ཞུགས་པའི་ནུས་པ་དང་དེ་བཞིན་བུད་མེད་སྒྲིག་འཛུགས་དང་། ཁྲིད་སྟོན། ཞབས་ཞུ། བུད་མེད་དང་ཕྲུ་གུའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་ལེགས་པར་འདོན་ཆེད། ཉེ་ཆར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཀྲུའུ་ཙི་ཀུའེ་བུད་མེད་དང་བླངས་གཅེས་སེམས་ཞབས་ཞུ་རུ་ཁག”སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དུ་བསྐྱོད་དེ་བུད་མེད་དབུལ་པོར་འཚམས་འདྲི་དང་། འཕྲོད་བསྟེན་བདེ་སྲུང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་དེ་བཞིན་བདེ་ཐང་གི་འོས་འགན་སྨན་བཅོས་སོགས་ལ་བརྟེན་ནས་དང་བླངས་གཅེས་སེམས་ཀྱི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར“ཀྲུའུ་ཙི་ཀུའེ་བུད་མེད་དང་བླངས་གཅེས་སེམས་ཞབས་ཞུ་རུ་ཁག”གིས་སྡེ་ཁུལ་གྱི་བུད་མེད་དབུལ་པོ་30དང་སྐོར་སྐྱོད་དུད་ཁྱིམ་དབུལ་པོར་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་རེད། གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་སྡེ་ཁུལ་གྱི་ཡུལ་མིའི་བདེ་ཐང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་སྡེ་ཁུལ་གྱི་མང་ཚོགས་ལ་འབྲེལ་ཡོད་ཀྱི་སྨན་བཅོས་བདེ་སྲུང་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། བོད་ལུགས་དང་ཕྱི་ལུགས་གསོ་རིག་གི་བུད་མེད་དང་བླངས་པའི་རིགས་གཅིག་མཁས་ཅན་དཔུང་ཁག་གིས་ནད་པར་བརྟག་དཔྱད་སྨན་བཅོས་དང་ངང་རྒྱུད་རིང་པོས་ལན་བཏབ་ནས་ན་རྟགས་ལ་གཞིགས་ཏེ་བརྟག་དཔྱད་སྨན་བཅོས་བྱེད་དགོས་པའི་སྐོར་བརྗོད་པ་རེད། ཞབས་ཞུ་རུ་ཁག་གིས་ད་དུང་སྡེ་ཁུལ་དུ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་གི་གཏུམ་སྤྱོད་འགོག་པའི་དྲིལ་བསྒྲགས་རི་མོ་དང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་། བདེ་ཐང་ཤེས་བྱའི་ལག་དེབ། 《བོད་ཀྱི་བུད་མེད》སོགས་རྒྱ་བོད་སྐད་གཉིས་ཀྱི་ཀློག་དེབ་བཅས་བཀྲམ་པ་རེད།

    ད་རེས་ཀྱི་བྱེད་སྒོར“ཀྲུའུ་ཙི་ཀུའེ་བུད་མེད་དང་བླངས་གཅེས་སེམས་ཞབས་ཞུ་རུ་ཁག”གིས་ཁྱོན་བསྡོམས་སྒོར་ཁྲི་2.4ལྷག་རི་བའི་འཚམས་འདྲིའི་དངོས་པོ་དང་སྨན་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།