[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-16

    ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས“དབུལ་སྐྱོར་གྱི་བྱ་ཐབས་དངོས་འདོན་པ་དང་དངོས་འབྲེལ་དབུལ་པོ་ཡིན་མཁན་ལ་རོགས་སྐྱོར་བྱེད་པའི”འདུ་ཤེས་བརྟན་པོ་བཅངས་ཏེ་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ཐོན་ལས་རྣམ་གྲངས་དོན་འཁྱོལ་ཡོང་བར་དམ་འཛིན་ལྷོད་མེད་བྱས་ཤིང་། འདི་ལོ་ཁྱོན་མ་རྩ་སྒོར་དུང་ཕྱུར་65.45བཏང་བའི་ཐོན་ལས་དབུལ་སྒྲོལ་རྣམ་གྲངས་234ལག་ལེན་ཡག་པོ་བསྟར་ཏེ་མི་27254ལ་འབབ་འཕར་ཡོང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་7773དབུལ་སྒྲོལ་ཡོང་བར་སྐུལ་འདེད་བཏང་ཡོད། ཉེན་ཁའི་ཁ་གསབ་དངུལ་སྒོར་དུང་ཕྱུར་3ཡག་པོ་སྤྱད་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་དངུལ་བུན་སྒོར་དུང་ཕྱུར་30.24གཡར་བ། རྫོང་རིམ་པའི་སྲིད་གཞུང་གི་ཉེན་ཁའི་ཁ་གསབ་དངུལ་གྱི་དངུལ་བུན་རྣམ་གྲངས་8དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    ཁྱད་ལྡན་ཐོན་ལས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ལེགས་ཆར་བརྟེན་པ་དང་ཡུལ་བབ་དང་བསྟུན་ཏེ“བརྒྱ་སྟོང་ཁྲིའི”འདུ་འགོད་ལག་ལེན་ཡག་པོ་བསྟར་ནས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་རྟེན་གཞི་ཁག་གཅིག་ཧུར་ཐག་བསྐྲུན་ཡོད། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་ཁྱབ་གདལ་ནུས་པ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། རྫོང(ཆུས)ཁག་གི་ཞིང་འབྲོག་ལས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ལག་རྩལ་ཡོད་པ་དང་། ཚོང་རྒྱག་ཤེས་པ། དོ་དམ་བྱེད་མཁས་པ་བཅས་ཀྱི་ཆེད་ལས་ཞིང་འབྲོག་པ་གསར་པ་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཡོད་པ་རེད།

    དྲ་ཐོག་ལས་སྟེགས་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་གོ་སྐབས་སུ་བྱས་ཏེ་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་གྱིས་ཡར་ཀླུང་དྲ་ཐོག་ཚོང་དོན་ཀུང་སི་བཙུགས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།