[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལས་བྲེལ་ཇི་ལྟར་ཆེ་རུང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    406135_yis_1497760944308_s.jpg

    2017ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་བཅུ་དྲུག་པ་དེ་ཡིན་ཞིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས”ཞེས་པ་དེ་རེད། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་ཅིག་གཏོད་པ། དམངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཟླ་6ཚེས་16ཉིན། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་དང་། བརྡ་འགྲེམས། གྲོང་མིའི་བདེ་འཇགས་ཐོན་སྐྱེད་ལག་དེབ་སོགས་སྤྲོད་པའི་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་རེད། འདི་ནི་ཉིན་དེར་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་བཅུ་དྲུག་པའི་དྲིལ་བསྒྲགས་བྱེད་སྒོའི་ཐོག་ལས་དོན་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མིར་བདེ་འཇགས་ཐོན་སྐྱེད་ལག་དེབ་སྤྲོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།