[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱི་གཞུང་བཙུགས་སྨན་ཁང་གིས་སྨན་རྫས་ཀྱི་ཁེ་བཟང་ཕྱོགས་ཡོངས་ནས་མེད་པར་བཟོས་པ།

    སྨན་རྫས་ཀྱི་གོང་ཚད་ཆ་སྙོམས་13%ཡས་མས་ཆག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-11

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། ཟླ་8ཚེས་31ཉིན་ནས་བཟུང་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་རིམ་པ་དང་དེ་ཡན་གྱི་གཞུང་བཙུགས་སྨན་ཁང(བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྨན་ཁང་དང་སྡེ་ཚན་ཁག་དང་ཁེ་ལས་དང་བྱ་གཞག་ཚན་པའི་ཁོངས་གཏོགས་ཀྱི་སྨན་ཁང)གིས་སྨན་རྫས་ཀྱི་ཁེ་བཟང(ཀྲུང་ལུགས་སྨན་དང་བོད་ལུགས་སྨན་གྱི་ཐང་སྨན་ཕུད)ཕྱོགས་ཡོངས་ནས་མེད་པར་བཟོས་པ་དང་2015ལོར་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཁེ་བཟང་མེད་པར་བཟོས་ཡོད། དེ་ནས་བཟུང་ལྗོངས་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚང་མར་སྨན་རྫས་རིན་གོང་ལ་ཁྱད་མེད་པའི་ངང་ཕྱིར་ཚོང་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་བཙུགས་སྨན་ཁང་གིས་སྨན་རྫས་ཀྱི་ཁེ་བཟང་མེད་པར་བཟོས་རྗེས་དེའི་ཁ་གསབ་ལམ་སྲོལ་དེ་སྨན་བཅོས་ཞབས་ཞུའི་གྲོན་བསྡུ་དང་། སྨན་རྫས་ཀྱི་རིན་གོང་མཐོ་རུ་བཏང་བའི་ཡོང་འབབ། སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་བཅས་ཐབས་ལམ་གསུམ་ནས་སྨན་བཅོས་ཞབས་ཞུའི་རིན་བསྡུ་དང་སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་གྱི་ཐབས་ལམ་གཉིས་སུ་བསྒྱུར་ཡོད། རིགས་གཅིག་མཁས་ཅན་གྱིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། སྨན་རྫས་ཀྱི་ཁེ་བཟང་མེད་པར་བཟོས་རྗེས་སྨན་རྫས་ཀྱི་གོང་ཚད་ཆ་སྙོམས་13%ཡས་མས་ཆག་པ་དང་ནད་པ་དང་ལྷག་པར་དུ་དལ་བའི་རང་བཞིན་གྱི་ནད་དང་སྨན་ཁང་དུ་སྡོད་མཁན་ནད་པའི་སྨན་བཅོས་འགྲོ་གྲོན་མངོན་གསལ་དོད་པོས་ཉུང་དུ་འགྲོ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།