[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2019ལོར་རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཙོ་གནད་ཉེན་ཁང་སྒྱུར་བཀོད་ལས་དོན་གཞི་རྩའི་ཆར་ལེགས་འགྲུབ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-13

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་བཅས་ཀྱིས་བརྡ་ཐོ་བཏང་སྟེ་ས་གནས་ཁག་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སོགས་གཙོ་གནད་མི་སྣ་རིགས་བཞིའི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ལས་དོན་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་སྟེ་2019ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱེད་དགོས་པ་དང་2020ལོར་སླེབས་སྐབས་མཇུག་བསྡུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་ཀྲུང་དབྱང་ནས་རྒྱབ་སྐྱོར་བྱས་པའི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱ་ཡུལ་དེ་དག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། གྲོང་གསེབ་ཀྱི་ཁ་འགྲེམས་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་སྐྱོན་མི་སྣའི་ཁྱིམ་ཚང་དབུལ་པོ་བཅས་གཙོ་གནད་རིགས་བཞིའི་ཁྲོད་ནས་སྡོད་ཁང་གི་ཉེན་ཁའི་ཚད་གཞི་གཞིར་བཟུང་གཏན་འཁེལ་བྱེད་དགོས། རིམ་པ་Cདང་Dལ་གཏན་འཁེལ་བྱས་པའི་གཙོ་གནད་མི་སྣ་རིགས་བཞི་ཉེན་ཁང་སྒྱུར་བཀོད་ཁོངས་སུ་འཇུག་དགོས། ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་འཆར་གཞིའི་ནང་བཅུག་པའི་གཙོ་གནད་མི་སྣ་རིགས་བཞི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་བྱ་ཡུལ་ནང་འཇུག་མི་ཆོག་ཅེས་བཏོན་ཡོད་པ་རེད།

    བརྡ་ཐོར་གཞིགས་ན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཕྱིར་འཐེན་བྱེད་སྐབས་སྡོད་ཁང་ལ་གཤམ་གྱི་གཞི་རྩའི་སྤུས་ཚད་ཀྱི་བླང་བྱ་འཛོམས་དགོས་པ་སྟེ། ས་ཆ་འདེམས་ཡུལ་བདེ་འཇགས་ཡིན་པ་དང་རྩིག་རྨང་བརྟན་པ། རྨང་གཞི་སྲ་བ་དང་གྲུབ་ཆ་བརྟན་པ་མ་ཟད་བརྟན་ཚད་བླང་བྱ་དང་མཐུན་པ། ཡོམ་འགོག་གྲུབ་ཆའི་སྒྲིག་བཀོད་ཆ་ཚང་བ་དང་གཏན་འབེབས་དང་མཐུན་པ། མཐའ་སྐྱོར་གྲུབ་ཆ་དང་གྲུབ་ཆ་མིན་པའི་ལྷུ་ལག་དང་གྲུབ་ཆ་གཙོ་བོ་འབྲེལ་མཐུད་བརྟན་པོ་ཡོད་པ། འཛུགས་སྐྲུན་རྒྱུ་ཆའི་སྤུས་ཚད་ཚད་དང་མཐུན་པ་བཅས་རེད།

    བརྡ་ཐོའི་ནང་སྒྱུར་བཀོད་བྱས་རྗེས་ཀྱི་གྲོང་གསེབ་ཁང་པར་གསང་སྤྱོད་ཡོད་དགོས་པ་དང་མི་ཕྱུགས་ལོགས་དབྱེ་སོགས་ཀྱི་གཞི་རྩའི་སྡོད་མལ་དང་འཕྲོད་བསྟེན་ཆ་རྐྱེན་ཚང་དགོས་པ་དེ་ནི་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ཀྱི་མཐའ་ཚད་བླང་བྱ་ཡིན། བྱང་ཕྱོགས་ས་ཁུལ་གྱིས་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་དང་ཟུང་འབྲེལ་བྱས་ཏེ་འཛུགས་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད་དང་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་ཚོའི་འཆར་འགོད་ལ་གཞིགས་ནས་རྣམ་པར་དོ་དམ་དང་སྒོ་ར་བཅོས་སྒྲིག་བྱས་ཏེ་གྲོང་ཚོའི་སྡོད་མལ་ཁོར་ཡུག་སྤྱི་ཡོངས་ནས་ལེགས་སུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།