[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་བྲག་རྫོང་གིས་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

     ད་ཕན་ལོ་ཤས་རིང་། ལྷོ་བྲག་རྫོང་གི་འགྲིམ་འགྲུལ་ཆ་རྐྱེན་རྗེས་ལུས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་ཆེད། གོང་རིམ་འགྲིམ་འགྲུལ་སྡེ་ཚན་གྱིས་མ་དངུལ་མཐའ་མཚམས་རྫོང་དུ་གཏོང་བ་མཐའ་འཁྱོངས་བྱས་ནས་མཐའ་མཚམས་རྫོང་གི་འགྲིམ་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ཞིང་། 2017ལོ་ཁོ་ནར་གོང་རིམ་འགྲིམ་འགྲུལ་སྡེ་ཚན་གྱིས་ལྷོ་བྲག་རྫོང་གི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་39ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.4བཏང་བ་དེས་ལྷོ་ཁ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་མ་དངུལ་བསྡོམས་འབོར་གྱི་28%བཟུང་ཡོད།

    མིག་སྔའི་བར་ལྷོ་བྲག་རྫོང་གིས་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་4མུ་མཐུད་བསྐྲུན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.6བཏང་བ་དང་། 2016ལོར་མ་དངུལ་སྒོར་ཁྲི་1200དང་2017ལོར་མ་དངུལ་སྒོར་ཁྲི་6671བཏང་བར་རིམ་རྩིས་བྱས་ན་མ་དངུལ་བསྡོམས་འབོར་གྱི་30%བཏང་ཡོད། 2017ལོར་ཁག་དང་པོའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་5ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.3བཏང་བ་དང་། མིག་སྔར་མ་དངུལ་སྒོར་ཁྲི་2560.69བཏང་བ་དེས་མ་དངུལ་བསྡོམས་འབོར་གྱི་19%བཟུང་བ། 2017ལོར་ཁག་གཉིས་པའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་34ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.1བཏང་བ་དང་། མིག་སྔར་རྣམ་གྲངས་ཀྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།