[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནད་སྨིན་ཇུས་འདོན་གྱིས“དབུལ་པོའི་རྩ་བའི་གནད་དོན”ཐག་གཅོད་བྱས་པ།

    —— རང་ལྗོངས་ཀྱི་རྫོང(ཆུས)ལྔ་ཡིས་སྤྱི་ཚོགས་ཡོངས་སུ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་པའི་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    འགོ་ཚུགས་གཏམ། 

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་རེད། དེ་རིང་ནས་བཟུང“དུས་རབས་གསར་པ་དང། རྣམ་པ་གསར་པ། བྱ་སྤྱོད་གསར་པ”ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཏོན་ནས་དུས་རབས་གསར་པ་དང་། འགན་འཁྲི་གསར་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཅས་ལ་དམིགས་ནས་དཔེ་མཚོན་ཅན་གྱི་གནས་ཚུལ་དང་། གསོན་ཉམས་ལྡན་པའི་རྣམ་པའི་ཐོག་ནས་ས་གནས་ཁག་དང་། རིམ་ཁག་ཏང་རྩ་འཛུགས། ལས་རིགས་ཁག་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ཚ་རླབས་གང་ལེགས་མངོན་པར་བྱེད་རྒྱུ་ཡིན།

    ཟླ་11ཚེས་1ཉིན་རང་སྐྱོང་ལྗོངས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་བཅས་ཀྱི་རྫོང(ཆུས)དབུལ་པོ་ལྔ་ཡིས་སྤྱི་ཚོགས་ཡོངས་ལ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་པའི་ཡོངས་བསྒྲགས་བྱས་པ་རེད། 

    འདི་ནི་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་ན་མེད་པའི་ལས་དོན་སྤེལ་ཤུགས་ཀྱི་ཐོག་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྫོང་དབུལ་པོ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་འབུད་པའི་ལས་དོན་ལ་ཐོབ་པའི་འཕེལ་རྒྱས་གལ་ཆེན་ཞིག་རེད། 

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ“གནད་སྨིན་དྲུག”དང་“ཁག་གཅིག་རེ་ལྔ”“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”བཅས་ཀྱི་བླང་བྱ་དང་དམིགས་ཚད་ལ་དམ་པོར་གཞིགས་ཏེ་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་སྤྱིའི་འགན་འཁུར་བ། རྫོང་དང་གྲོང་ཁྱེར་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་དོ་དམ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་ཡིད་ལ་འཆང་། ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ངོ་མས་སྣེ་འཁྲིད་པའི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་འཛུགས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དུས་བབ་ལ་དབྱེ་ཞིབ་བྱེད་པ། འཆར་འགོད་ཞིབ་ཚགས་བཟོ་བ། ཐབས་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་དགོས་པའི་བླང་བྱ་འདོན་པ། “སེམས་ཁྲལ་མེད་པ་གསུམ་དང་། ལྡན་པ་གསུམ། འགན་ལེན་གསུམ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ། ཏང་སྲིད་ཀྱི“འགོ་ཁྲིད་གཙོ་བོའི”འགན་འཁྲི་ཁ་གསལ་བཟོ་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཉམ་དུ་འབད་བརྩོན་བྱེད་པའི་འབོད་སྐུལ་བཅས་བྱས་པས་བོད་ལྗོངས་ས་མཐོའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ཚ་རླབས་ཤིག་འཕྱུར་ཡོད། 

    འདི་ལོའི་ཟླ་9པའི་ཟླ་མཇུག་བར། རིམ་རྩིས་ལྟར་ན་ལྗོངས་ཡོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་དང་། ཐོན་ལས་དབུལ་སྐྱོར་གྱི་ཆེད་དངུལ་སྒོར་དུང་ཕྱུར་100 བཏང་ནས་འཛུགས་སྐྲུན་རྣམ་གྲངས་ཁག་1515སྐྲུན་འགོ་ཚུགས་ཏེ་མི་ཁྲི་9.2དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། 

    རྒྱུན་མཐུད་ཆུ་ཚད་མཐོ་བའི་སྐུལ་འདེད་བཏང་ནས་རྩེ་རིམ་ཇུས་འགོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།

    རྒྱུན་ཆད་མེད་པར་ཐོན་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། བླང་བྱ་གསར་པ་བཅས་ལ་གཞིགས་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་དམིགས་ཚད་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་ཁག་བཏོན་ཏེ་རང་ལྗོངས་ཀྱི“གདུང་བཞི་ཀ་བརྒྱད”ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། 

    འདི་ལོ《གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པ》དང་། 《ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》 《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བསྙེན་བཀུར་བྱ་ཐབས(ཚོད་ལྟའི་ལག་བསྟར)》 《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྲོག་སྐྱོབ་སྨན་བཅོས་ལས་དོན་གྱི་ལག་བསྟར་ཇུས་གཞི》 《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་རྩད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་དཔྱད་དཔོག་གདེང་འཇོག་གི་གནས་སྐབས་ལག་བསྟར་བྱ་ཐབས》སོགས་ཀྱི་སྲིད་ཇུས་ཡིག་ཆ་དང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལེ་ལག་ཚང་བའི་སྲིད་ཇུས་ཀྱི་ཡིག་ཆ་60ལྷག་ཙམ་སྔ་རྗེས་སུ་བཏོན་ཡོད། 

    ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་ཆེན་པོའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲེལ་མ་དངུལ་སྣ་ཚོགས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ་2017ལོར་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་110.35སྤྱི་འདོམས་བསྡུ་སྒྲིལ་བྱས་ཡོད། 

    ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ། 

    རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་རྒྱུར་དམིགས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཉེ་ཁུལ་དུ་ལས་ཞུགས་དང་། ཕ་ཡུལ་དང་མི་བྲལ་བ། ལས་ཀ་ཤེས་ལ་འཇོན་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཐོན་ཁུངས་ཀྱི་རང་སྤུས་དང་དགེ་མཚན་ཆེ་རིགས་ལ་གཞིགས་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ། ཞིང་ལས་འཕྲོད་སར་ཞིང་ལས་དང་། འབྲོག་ལས་འཕྲོད་སར་འབྲོག་ལས། ནགས་ལས་འཕྲོད་སར་ནགས་ལས། ཚོང་ལས་འཕྲོད་སར་ཚོང་ལས། ཡུལ་སྐོར་འཕྲོད་སར་ཡུལ་སྐོར་བཅས་གོང་འཕེལ་བཏང་ནས་མང་ཚོགས་དབུལ་པོ་ཕ་ཡུལ་ནས་བྲལ་མི་དགོས་པ་དང་ས་ཆ་དེ་རང་ནས་བྲལ་མི་དགོས་པའམ་ཡང་ན་ཕ་ཡུལ་ནས་བྲལ་རུང་ཁུལ་དེ་ནས་བྲལ་མི་དགོས་པར་ཐོན་ལས་གོང་འཕེལ་ནང་ཞུགས་པ་དང་འབབ་འཕར་ཕྱུག་འགྱུར་ཐུབ་པ་བྱས་ཡོད། ལྗོངས་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་ཁྱོན་སྒོར་དུང་ཕྱུར་110.27དོན་འཁྱོལ་དང་དམིགས་སར་འབྱོར་བ་བྱས་ཤིང་། ཟླ་10པའི་ཟླ་མཇུག་བར་མ་དངུལ་སྒོར་དུང་ཕྱུར་75.28བཏང་བ་དང་། རིམ་རྩིས་ལྟར་ན། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་1030སྐྲུན་འགོ་ཚུགས་ཡོད་པ་དང་། དེའི་ནང་རྣམ་གྲངས་ཁག་188ལེགས་གྲུབ་ཟིན་ཡོད། དེ་དང་ཆབས་ཅིག་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་དང་འབྲེལ་མི་ཁྲི་5.12དབུལ་སྒྲོལ་ཡོང་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། 

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུར་སྔར་བས་སྐུལ་འདེད་ཏན་ཏིག་བཏང་བ། རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྣམ་གྲངས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཀྲམ་ནས་མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་སྤོས་དང་ཐོན་ལས་དང་། བདེ་སྡོད་དང་ལས་བརྩོན་གྱི་ལས་དོན་དུས་གཅིག་ཏུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་གནས་སྤོས་དབུལ་སྐྱོར་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། ཐོན་ལས་གསར་སྤེལ། ལས་ཞུགས། སྨན་བཅོས། སློབ་གསོ་སོགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་ཅིང་། ཟླ་10པའི་ཟླ་མཇུག་བར། 2016ལོར་བཀོད་སྒྲིག་བྱས་པའི་བཀོད་སྒྲིག་ས་ཚིགས་329ཡོངས་རྫོགས་སྐྲུན་འགོ་ཚུགས་པ་དང་། བཀོད་སྒྲིག་ས་ཚིགས་322ལས་མཇུག་འགྲིལ་ཡོད། རིམ་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་53.34བཏང་བ་དང་མི་ཁྲི་7ལྷག་ཙམ་བཀོད་སྒྲིག་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད། 

    རང་སྐྱོང་ལྗོངས་ཀྱིས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས་སྣོད་བཅུད་ཨང་དང་པོར་འཇོག་པ་དང་། སྔོན་ལ་སྲུང་སྐྱོང་བྱེད་པ། འཛུགས་སྐྲུན་གལ་ཆེ་མཉམ་འཛིན་བྱེད་པ་བཅས་ཀྱི་ཐབས་ལམ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྣོད་བཅུད་ཁ་གསབ་དབུལ་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་མུ་འགྲམ་མི་འབོར་ཁྲོད་ངལ་རྩོལ་ནུས་པ་ལྡན་པའི་མང་ཚོགས་ལ་དམིགས་ནས“ལས་གནས་དང་མི་སྣ་གཏན་འཁེལ་དང་། ལས་གནས་དང་འགན་འཁྲི་གཏན་འཁེལ། ལས་གནས་དང་ཐོབ་ཆ་གཏན་འཁེལ”བཅས་ཀྱི་བྱེད་ཐབས་ལག་ལེན་བསྟར་ཏེ་འདི་ལོ་སྣོད་བཅུད་སྐྱིན་གསབ་ལས་གནས་ཁྲི་20མང་དུ་བཏང་བས་ལྗོངས་ཡོངས་སུ་སྣོད་བཅུད་ཀྱི་ཁ་གསབ་ལས་གནས་ཁྲི་70ཟིན་ཞིང་། མིག་སྔར་ཆེད་ལས་དང་འགན་གཅིག་ལྕོགས་ཀྱི་སྣོད་བཅུད་ཀྱི་ཁ་གསབ་ལས་གནས་ཁྲི་6.2དོན་འཁྱོལ་དང་དམིགས་སར་འབྱོར་བ་དང་འབྲེལ། མི་རེའི་ཆ་སྙོམས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་3000ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་18.6སྤྲད་ཡོད་པ་རེད། 

    ནུས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་འགན་སྲུང་གི“བདེ་འཇགས་དྲ་བ”བརྟན་དུ་བཏང་བ། 

    རང་སྐྱོང་ལྗོངས་ཀྱིས《སྨན་བཅོས་རོགས་སྐྱོབ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》དང་། 《བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་རོགས་སྐྱོབ་ལག་བསྟར་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་འབོར་ལ་རོགས་སྐྱོབ་བསྙེན་བཀུར་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ཡིག་ཆ་བཏོན་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱས་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་སྒོར་3311བར་མཐོ་རུ་བཏང་བ་དང་། འགན་ལེན་ལྔའི་བསྙེན་བཀུར་གྱི་ཚད་གཞི་སྒོར་4940བར་མཐོ་རུ་བཏང་བ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས་མི་རེར་ཟླ་རེར་སྒོར་55དང་སྒོར་110བར་མཐོ་རུ་བཏང་ཡོད། 

    སློབ་གསོའི་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། སློབ་གསོའི་དབུལ་སྐྱོར་གྱི་321འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་སློབ་སྐྱོད་འགན་ལེན། རྩལ་ནུས་གསོ་སྦྱོང་། སློབ་མར་དངུལ་གྱི་རོགས་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་འོས་འགན་སློབ་གསོ་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས“འགན་ལེན་གསུམ”གྱི་ཚད་གཞི་སྒོར་3480བར་མཐོ་རུ་བཏང་བ་དང་། “འགན་ལེན་གསུམ”དང་སློབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་21.22དང་ལོ་15ཡི་རིན་མེད་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་2.86དོན་འཁྱོལ་བྱས་ཡོད། ཉམས་ཞན་སློབ་གྲྭ་སྒྱུར་བཀོད་མ་དངུལ་སྒོར་དུང་ཕྱུར་5.6བཀོད་སྒྲིག་བྱས་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་ཁག་105སྒྱུར་བཀོད་བྱས་ཡོད། ས་བབ་མཐོ་བའི་ས་ཁུལ་གྱི་སློབ་གྲྭའི་ལུས་རྩལ་ཐང་འཛུགས་སྐྲུན་རྣམ་གྲངས་67ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་3.35བཏང་བ་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་རྫོང་རིམ་པའི་ལས་རིགས་སློབ་གསོའི་ལྟེ་གནས་ཀྱིས་ཞིང་འབྲོག་པ་ཁྱོན་6266ལ་གསོ་སྦྱོང་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭས་སློབ་མ་1000ཆེད་དོན་སློབ་བསྡུའི་འཆར་གཞི་བཀོད་སྒྲིག་བྱས་ནས་ཞིང་འབྲོག་ཁུལ་ནས་སློབ་མ་དབུལ་པོ་6054མཐོ་སློབ་ཏུ་བསྡུ་རྒྱུའི་འཆར་གཞི་བཟོས་ཡོད། 《ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་མཐོ་སློབ་སློབ་གསོ་དང་ལེན་བྱེད་པའི་ཐད་རིན་མེད་སློབ་གསོའི་ཁ་གསབ་རོགས་དངུལ་སྲིད་ཇུས་ལག་བསྟར་གྱི་དོ་དམ་བྱ་ཐབས》བཏོན་ནས་རང་སྐྱོང་ལྗོངས་རིམ་པའི་2016 —2017ལོའི་སློབ་གྲྭ་ཆེ་མོ་བ་དབུལ་པོ་12508ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཏེ་མ་དངུལ་སྒོར་ཁྲི་8755.6བཏང་བ་དང་མི་རེར་ཆ་སྙོམས་སྒོར་7000ཟིན་ཡོད་པ་རེད། 

    བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཐད་ཀྱི་སྲིད་གཞུང་གི་ཁ་གསབ་ཚད་གཞི་སྒོར་435ནས་སྒོར་475བར་མཐོ་རུ་བཏང་བ་དང་། ཞིང་འབྲོག་པའི་ནད་ཆེན་འགན་བཅོལ་གྱི་གྲོན་དངུལ་མི་རེར་ལོ་རེར་ཆ་སྙོམས་སྒོར་18ཟིན་པ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཚད་གཞི་མི་རེར་ཆ་སྙོམས་སྒོར་65བར་མཐོ་རུ་བཏང་བས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་15མཐོ་བ་ཡོད་པ་རེད། 

    ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་མངགས་བཅོལ་བྱ་ཐབས་དང་། ཁ་ཕྱོགས་གཏན་འཁེལ་གྱི་བྱ་ཐབས། གྲོང་གསེབ་ཏུ་སློབ་གསོ་སྤེལ་བ་སོགས་ཀྱི་གསོ་སྦྱོང་བྱ་ཐབས་སྤྱོད་པ་དང་། ལས་རིགས་ལག་རྩལ་སློབ་གྲྭ་དང་། དམངས་གཉེར་གསོ་སྦྱོང་སྒྲིག་གཞི། ཁེ་ལས་ཁག བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོགས་ཀྱི་གསོ་སྦྱོང་གི་ཐོན་ཁུངས་ལ་སྤྱི་འདོམས་བྱེད་པ། ཁེ་ལས་དང་རྟེན་གཞི་ཕན་ཚུན་སྐུལ་འདེད་དང་། དུད་ཚང་དབུལ་པོ་དང་སྦྲེལ་མཐུད། ཁེ་ལས་ཀྱི་མངགས་བཅོལ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ་ལས་ཞུགས་བྱེད་འདོད་པའི་མི་འབོར་དབུལ་པོ་ཡོངས་རྫོགས་གསོ་སྦྱོང་ནང་བཅུག་པ་དང་འབྲེལ། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་དེ་བཞིན་དམའ་རིམ་དང་མཐོ་རིམ་སློབ་འབྲིང་ཐོན་ཡང་མུ་མཐུད་སློབ་གྲྭ་འགྲིམ་ཐུབ་མེད་པའི་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོར་རིན་མི་དགོས་པར་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་ཐུབ་པ་བྱས་ཡོད། འདི་ལོ་མི་འབོར་དབུལ་པོ་གསོ་སྦྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་7200སྤྲད་ཅིང་། རིམ་རྩིས་ལྟར་ན། ཟླ་10པའི་ཟླ་མཇུག་བར་མི་འབོར་དབུལ་པོ་ཁྲི་4.71ལ་གསོ་སྦྱོང་བྱས་པ་དང་མི་ཁྲི་3.96ལས་ཞུགས་གཞན་སྒྱུར་ཐུབ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།