[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་10330ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-25

    640.webp.jpg

    ཚེས་24ཉིན་འཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ནས་གཏམ་བཟང་བསྒྲགས་ཤིང་། འདས་མ་ཐག་པའི་2017ལོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10330ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་13.6%འཕར་ཡོད་པ་རེད། 

    《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་གི་གཞི་གྲངས་ལས་མངོན་པར། ལོ་ལྔ་ཡི་རིང་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་། ནས་ཀྱི་ཐོན་འབབ་མཐོ་རུ་གཏོང་བ་དང་འབྲི་གཡག་རྒྱགས་གསོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ནས་ཀྱི་སོན་བཟང་རིམ་རྩིས་བྱས་ན། ཁྱབ་གདལ་གཏོང་ཚད་མུའུ་ཁྲི་185ཟིན་པ་དང་། འབྲུ་རིགས་ཀྱི་ཐོན་ཚད་ཏུན་ཁྲི་100ལས་ཐེངས་དང་པོར་བརྒལ་བ། འབྲི་གཡག་གི་དུས་ཐུང་རྒྱགས་གསོའི་དཔེ་སྟོན་རྫོང་7བསྐྲུན་པ། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་36ཟིན་ཡོད་པ་རེད། དེའི་རྨང་གཞིའི་ཐོག་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཧུར་བརྩོན་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།   

    རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཧུར་ཐག་བཏང་བ་དང་། ཚན་རྩལ་གྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ། ཐོན་ལས་གཉེར་སྐྱོང་ཡོང་འབབ་མཐོ་རུ་ཧུར་ཐག་བཏང་བ་དང་ཆབས་ཅིག་ངལ་ནུས་དཔལ་འབྱོར་དང་། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ། ས་གཙང་བདེ་ཐང་། རང་བྱུང་འཐུང་ཆུ། ལྗང་མདོག་གི་བཟོ་སྐྲུན་རྒྱུ་ཆ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཧུར་ཐག་ཞུགས་པས་ཞིང་འབྲོག་པའི་ཡོང་འབབ་ལོ་15བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།