[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚན་པ་24ཡིས་ལས་གནས་380ལྷག་ཙམ་མཁོ་འདོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

     ཉེ་ཆར། རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རར(ལྷ་ས་གྲོང་ཁྱེར་བརྒྱད་གཅིག་བྱང་ལམ)“2018ལོའི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་རེས་གཟའ་པ་སངས་ཀྱི་ཤེས་ལྡན་པ་གདན་ཞུའི་འདུ་ཚོགས”སྒྲིག་འཛུགས་བྱས་པས་རྒྱ་ཆེའི་ལས་ཀ་འཚོལ་མཁན་གྱིས་ཐོབ་ཐང་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། སློབ་གནས་ལག་ཁྱེར། རྩལ་ནུས་རིམ་པའི་ལག་ཁྱེར་སོགས་འོས་ཐོབ་དཔང་ཡིག་འཁྱེར་ནས་ལས་ཀ་འཚོལ་བར་སླེབས་ཡོད་པ་རེད།

    ད་རེས་ཀྱི་གདན་ཞུའི་འདུ་ཚོགས་ནང་། བོད་ལྗོངས་པོ་ཚུང་འཛུགས་སྐྲུན་མཛེས་བཟོ་ལས་གྲྭ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཝ་ཧ་ཧ་བཟའ་བཅའ་ཚད་ཡོད་ཀུང་སི། ལྷ་ས་ཐན་ཚུན་དྲ་ཐོག་ཚོང་དོན་ཚད་ཡོད་ཀུང་སི། བོད་ལྗོངས་རླུང་རྟ་སྨྱན་སྦྱོར་ཚད་ཡོད་ཀུང་སི། སི་ཁྲོན་རུའེ་དབྱིང་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི་སོགས་ཀྱིས་ལས་གནས་380ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།