[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་གྱིས་སློབ་གསོའི་དམངས་འཚོའི་འདུ་འགོད་ལ་སྐུལ་མ་ཏན་ཏིག་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“100%ལྔའི”སློབ་གསོའི་དམིགས་ཚད་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ལས་དོན་གྱི་གཙོ་གནད་དང་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་དམ་འཛིན་བྱ་གཞིར་བྱས་ཏེ། རྩེ་རིམ་ཇུས་འགོད་དང་། ལམ་ལུགས་འཛུགས་སྐྱོང་། བརྒྱུད་རིམ་ལ་ལྟ་སྐུལ། དཔེ་མཚོན་གཏོད་པ་བཅས་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཞན་ཆ་གང་མགྱོགས་བསབས་ཏེ་སློབ་གསོའི་སྤུས་ཚད་རིམ་བཞིན་མཐོ་རུ་བཏང་སྟབས་ལས་ཀའི་ཕན་འབྲས་རགས་ཙམ་ཐོན་ཡོད།

    “100%ལྔར”སྐུལ་གཏོང་ཁག་བགོས་ཀྱི་འགན་གཙང་འགན་འཁྲིའི་ལས་ཀའི་ལམ་སྲོལ་བཙུགས་ནས་ལྷ་ས་གྲོང་ཁྱེར་དང་རྫོང་དང་ཆུས་ཁག་དབར་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་དམིགས་ཚད་དོ་དམ་བྱས་ནས“100%ལྔའི”ལས་ཀ་བསྒྲུབས་ཚུལ་ལོ་འཁོར་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་ཚད་དཔྱད་ཞིབ་ཀྱི་ཁྱབ་ཁོངས་སུ་འཇུག་རྒྱུར་སྐུལ་མ་བཏང་ནས《“100%ལྔའི”སློབ་གསོའི་དམིགས་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཚོད་སྐོར་བྱེད་པའི་ཞིབ་སྲོལ》བཏོན་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་བབ་བསྟུན་ངང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། དོན་འཁྱོལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། རྫོང་དང་ཆུས་ཁག་ཏུ་ཁག་བགོས་དོ་དམ་བྱེད་མཁན་རྫོང་དཔོན་དང་ཆུས་ཀྲང་གིས་ཚོགས་ཆུང་གི་ཙུའུ་ཀྲང་དང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བྱེད་པའི་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས“འགོ་ཁྲིད་ཨང་དང་པོས”འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་ཏེ། ལས་ཀའི་འགན་འཁྲི་དང་ལག་བསྟར་བྱེད་ཐབས་ཁ་གསལ་བཟོས་པ་དང་། དུས་བཀག་ནང་ལས་དོན་བཀོད་སྒྲིག་ཚོགས་འདུ་དང་སྐུལ་འདེད་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་ལས་ཀའི་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག སློབ་གསོའི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་རེད།

    “100%ལྔའི”ལས་ཀའི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོས་ནས་དོན་འཁྱོལ་བྱས་པ། “100%ལྔ”སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་ནང་བཅུག་པས་གནས་ཀྱིས་ཁྱོན་ཡོངས་ཁྲིད་པ་དང་གཙོ་གནད་དམ་འཛིན་གྱིས་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་ཡོད། “100%ལྔའི”སློབ་གསོའི་དམིགས་ཚད་ལས་འགན་དོན་འཁྱོལ་བྱ་རྒྱུ་དེ “འགོ་ཁྲིད་ཀྱིས་རྫོང་དང་འབྲེལ་བ་བྱེད་པ”དང་། “སློབ་དཔྱོད་པས་སློབ་གྲྭར་དངོས་སུ་སྡོད་པ” “ཆ་འཕྲིན་ལ་བརྟེན་ནས་སློབ་ཁྲིད་བྱེད་པ” “དགེ་རྒན་མིང་གྲགས་ཅན་གྱིས་སློབ་ཁྲིད་བྱེད་པ” “གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག” “རིགས་གཅིག་མཁས་པས་སློབ་ཁྲིད་ལ་ལྟ་སྐུལ་བྱེད་པ”བཅས་ཀྱི་འདུ་འགོད་ཆེན་པོ་དྲུག་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་བྱས་ཡོད།

    རྒྱུན་གཏན་ལ་དམ་འཛིན་བྱས་ནས་སློབ་དཔྱོད་ཀྱིས་སྣེ་ཁྲིད་བྱེད་པ་དང་སློབ་དཔྱོད་ཟུང་དུ་འབྲེལ་རྒྱུར་ཤུགས་སྣོན་བརྒྱབ་པ། “སློབ་ཁྲིད་ཀྱི་ལྷུ་ཚིགས་ལྔར”ཤུགས་སྣོན་རྒྱག་པ་དང་ཚད་ལྡན་ཡོང་བའི་ལག་བསྟར་བསམ་འཆར་བཏོན་ནས་མཐོ་རིམ་སློབ་འབྲིང་གི་སློབ་དཔྱོད་ཀྱི་ཐུན་མོང་འདུས་གྲུབ་ཅིག་ཆགས་པར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་ལ་སྤྱི་འདོམས་ཀྱིས་དོ་དམ་དང་། སློབ་ཁྲིད། སློབ་དཔྱོད། དགེ་རྒན་དཔུང་ཁག་སོགས་ཐད་ཀྱི་གྲོང་ཁུལ་སློབ་གྲྭའི་ལེགས་ཆ་གང་ལེགས་བཏོན་ནས“གཤམ་ལ་སྐྱོད་པ་དང་གདན་འདྲེན་པའི”བྱེད་ཐབས་ལ་བརྟེན་ནས་སློབ་གྲྭའི་དབར་མཛའ་མཐུན་ཡོང་བ་བྱས་པ་རེད།

    དགེ་རྒན་གསོ་སྦྱོང་དང་ཆ་འཕྲིན་ཅན་གྱི་སྣེ་ཁྲིད་ནུས་པར་ཤུགས་སྣོན་བརྒྱབ་པ། སློབ་ཁྲིད་ཀྱི་རྩལ་ནུས་འགྲན་བསྡུར་དང་། སློབ་དཔྱོད་པས་དམར་ཁྲིད། “སློབ་གསོ་མཁས་ཅན་གཞི་རིམ་དུ་སྐྱོད་པ” “དགེ་རྒན་རེས་སློབ་ཚན་སྤུས་དག་རེ་འཁྲིད་པ་དང་། སློབ་ཚན་རེར་དགེ་རྒན་མིང་གྲགས་ཅན་རེ་ཡོད་པ”སོགས་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་བའི་ཁར། པེ་ཅིང་དང་ཅང་སུའུ་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་གདན་འདྲེན་པ་དང་ཕྱིར་སྐྱོད་པའི་བྱེད་ཐབས་སྤྱད་དེ། “བོད་ལ་སློབ་ཁྲིད་བྱེད་པའི”བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། གྲོང་ཁྱེར་དང་ཆུས་སློབ་གྲྭའི་དགེ་རྒན་མིང་གྲགས་ཅན་དང་། ཚན་རྩལ་སྣེ་འཁྲིད་པ། བོད་སྐྱོར་དགེ་རྒན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“དགེ་རྒན་གྲགས་ཅན་གྱིས་སློབ་ཁྲིད་བྱེད་པ”དང་། “རིགས་གཅིག་མཁས་པ་བརྒྱ་གཤམ་ཏུ་སྐྱོད་པ”སོགས་སྐད་གཉིས་དགེ་རྒན་གསོ་སྐྱོང་གསོ་སྦྱོང་གི་ལས་དོན་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་སྐད་གཉིས་དགེ་རྒན་གྱི་སློབ་ཁྲིད་རྩལ་ནུས་དང་སློབ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།