[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ཉིང་ལྕགས་ལམ་གྱི་ལྕགས་ལམ་སྔས་ཤིང་དང་པོ་དེ་ཐོན་སྐྱེད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    520714_yis_1528607636314.jpg

    འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཟམ་པ་ཀུང་སི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཆུ་ཤུར་ཡན་ལག་ཀུང་སིའི་ལས་མིས་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

    ཚེས་9ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཟམ་པ་ཀུང་སི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཆུ་ཤུར་ཡན་ལག་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དེ་ཐོག་ནས་དུས་ཡུན་ལོ་གཅིག་ལྷག་འབད་འཐབ་བརྒྱུད་ལྷ་ཉིང་ལྕགས་ལམ་གྱི་ལྕགས་ལམ་སྔས་ཤིང་ཐོན་སྐྱེད་བྱེད་འགོ་ཚུགས་པ་མཚོན་ལ། འདི་ལོའི་ཟླ་དགུ་པར་སྒྲོམ་འདིང་འཆར་གཞིར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཟམ་པ་ཀུང་སི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཆུ་ཤུར་ཡན་ལག་ཀུང་སིའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཀུའོ་ཝུའེ་ཡིས་ངོ་སྤྲོད་བྱས་པར། ལྕགས་ལམ་སྔས་ཤིང་གི་སྤུས་ཚད་འགན་ལེན་དང་ཐོན་སྐྱེད་མཁོ་སྤྲོད་ཀྱི་མྱུར་ཚད་འགན་ལེན་བྱ་ཆེད། ཆུ་ཤུར་ཡན་ལག་ཀུང་སིས་ཨར་འདམ་གྱི་ལྕགས་ལམ་སྔས་ཤིང་གི་ཐོན་སྐྱེད་བརྒྱུད་རིམ་སྔོན་ཐོན་ཞིག་འཆར་འགོད་བྱས་པ་དེར་རང་འགུལ་གྱི་རྐྱོང་འཐེན་མ་ལག་དང་། རང་འགུལ་གྱི་གློད་རྐྱོང་མ་ལག རང་འགུལ་གྱི་བདག་སྐྱོང་མ་ལག ཨར་འདམ་གྱི་ཚད་གཞི་རང་འགུལ་ངང་འཇལ་བ་དང་དཀྲུག་པའི་མ་ལག ལྕགས་ལམ་སྔས་ཤིང་གི་རང་འགུལ་ཞིབ་དཔྱད་མ་ལག་སོགས་སྔོན་ཐོན་ལག་རྩལ་སྤྱད་དེ་ལྕགས་ལམ་སྔས་ཤིང་ཐོན་སྐྱེད་བརྒྱུད་རིམ་རིག་ནུས་ཅན་མངོན་འགྱུར་ཐུབ་ནས་ལྕགས་ལམ་སྔས་ཤིང་ཐོན་སྐྱེད་བྱེད་ཐེངས་རེར་གྲུབ་མ་ཚང་མ་ལེགས་པ་དང་ཟླ་རེར་ཁྲི་2.5ལྷག་ཐོན་སྐྱེད་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།