[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྡོང་ཕྲུག་ར་བ་དང་སྔོ་ཚལ་དྲོད་ཁང་གི་དབུལ་སྐྱོར་ལམ་བུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    མུའུ་ཆིག་ཁྲིའི་སྡོང་ཕྲུག་ར་བའི་རྟེན་གཞི་དང“འོད་ཤུགས་དང་སྣོད་བཅུད་སྒྲིག་བཀོད་ཞིང་ལས”ཟུང་འབྲེལ་བྱེད་པ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས“འོད་ཤུགས་གྲོང་རྡལ་ཆུང་ངུའི”གནད་སྨིན་དབུལ་སྐྱོར་གྱི་བཀྲག་མདངས་འཚེར་ས་ཞིག་རེད། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྤྲོ་གསེང་དང་། ལྟ་སྐོར། ཤིང་འབྲས་འཐུ་བ། ཡུལ་སྐོར། བཟའ་བཏུང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་རེད། མུའུ་ཆིག་ཁྲིའི་སྡོང་ཕྲུག་ར་བའི་རྟེན་གཞི་དེ་ཉིད་འབྱུང་འགྱུར་གཞིས་རྩེ་གྲོང་ཁྱེར་གྱི་སྡོང་ཕྲུག་ཐོན་མང་ཤོས་ཀྱི་རྟེན་གཞིར་འགྱུར་ནས་གཞིས་རྩེ་གྲོང་ཁྱེར་དུ་འདུ་འགོད་ནགས་བཟོ་དང་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་ཆེད་འགན་ལེན་བརྟན་པོ་ཞིག་བྱ་རྒྱུ་ཡིན་ཞིང་།

    538245_yis_1533184792625_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས“འོད་ཤུགས་གྲོང་རྡལ་ཆུང་ངུའི”ཐོན་ལས་གླིང་གི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ནང་ཚལ་འདེབས་ཞིང་པས་སྔོ་ཚལ་གཡོག་བྱེད་བྱེད་བཞིན་པ།

    538246_yis_1533184793514_s.jpg

    འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས“འོད་ཤུགས་གྲོང་རྡལ་ཆུང་ངུའི”མུའུ་ཆིག་ཁྲིའི་སྡོང་ཕྲུག་ར་བའི་རྟེན་གཞིར་ཞིང་འབྲོག་པས་ཤིང་འཛུགས་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།