[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡག་མོའི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    དུས་རབས་གོང་མའི་ལོ་རབས་50དུས་མཇུག་ཏུ་ལྷོ་པ་རིགས་བྲན་གཡོག་སྤྱི་ཚོགས་ནས་དེང་རབས་སྤྱི་ཚོགས་སུ་བསྐྱོད་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ལྷོ་པ་བ་རྣམས་རི་ཁྲོད་ཀྱི་བྲག་ཕུག་ནས་ཐོན་ཏེ་ས་ཆ་ཁོད་སྙོམས་པ་དང་། གཞུང་ལམ་ཡོད་པ། གློག་ཁང་ཡོད་པ་བཅས་ཀྱི་ལུང་གཞུང་དུ་སྤོས་ཡོད། ཁོང་ཚོས་ཞིང་ཁ་འདེབས་པ་དང་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། སྨྱུག་ཆས་བསླས་པ། སོལ་བ་སྲེག་པ་སོགས་ཞོར་ལས་ཐོན་སྐྱེད་ལ་གཞོལ་བར་བརྟེན་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། རྒྱལ་ཁབ་ཀྱིས་ཀྱང་ལྷོ་པ་རིགས་ས་ཁུལ་དུ་གྲོང་ཚོ་གསར་པ་བསྐྲུན་པ་དང་། སློབ་གྲྭ་དང་སྨན་ཁང་བསྐྲུན་པ། མི་རིགས་དེ་རང་གི་ལས་བྱེད་པ་གསོ་སྐྱོང་བཅས་བྱས་ཡོད།

    ཉིང་ཁྲིའི་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཡག་མོ་ད་ཆ་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་ཡོད། ཁོང་ལོ་ན་མཐོ་ཡང་ཁྱིམ་དུ་ནང་མི་དང་མཉམ་དུ་མེ་ཐབ་ཀྱི་འཁྲིས་སུ་བསྡད་ནས་འབྲས་ཆང་འཐུང་བཞིན་གནའ་དེང་གི་གནས་ཚུལ་གླེང་རྒྱུར་དགའ་པོ་ཡོད།

    ཡག་མོའི་ཁྱིམ་ནི་གནས་ཡུལ་ཤང་དུ་སྤོ་སྔ་ཤོས་ཀྱི་དུད་ཚང་གི་གྲས་ཡིན་ཞིང་། ཡག་མོས་དྲན་གསོ་དང་བཅས་སྐབས་དེ་དུས་ང་ཚོ་གནས་སའི་ཚོ་པ་དང་ཚོ་པ་གཞན་ཞིག་རྨོ་ཞིང་ཐད་རྩོད་པ་ཤོར་བ་དང་མཐར་རྒྱག་རེས་ཤོར་སོང་། སྐབས་དེ་དུས་ཀྱི་བོད་རྙིང་པའི་ས་གནས་སྲིད་གཞུང་གིས་ཚོ་པ་གཞན་གྱི་རྒྱབ་རྩ་བྱས་སོང་། དེ་ལྟར་དབང་གིས་རང་ཉིད་ཀྱི་ཚོ་པ་འུ་ཐུག་ཐབས་ཟད་ཀྱིས་རི་ཁུག་ཏུ་གནས་སྤོ་མི་བྱེད་ཀ་མེད་བྱུང་བའི་སྐོར་བཤད། དུས་རབས་གོང་མའི་ལོ་རབས་50པར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ལྷོ་ཡུལ་ས་ཁུལ་དུའང་གུང་ཁྲན་ཏང་གི་ལས་དོན་ཚོགས་ཆུང་སླེབས་ནས་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་རེད།

    བོད་ཀྱི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་པར་དུ་བླངས་།

    548119_yis_1536295400462_s.jpg

    འདི་ནི་ཡག་མོ(གཡོན་གྱི་གསུམ་པ)དང་ནང་མི་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།