[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནའ་བོའི་གྲོང་ལས་རྣམ་པ་གསར་པ་མངོན། བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    548764_yis_1536552955060_s.jpg

    འདི་ནི་ཡུལ་སྐོར་བས་བར་སྐོར་དུ་ཡུལ་སྐོར་སྤྲོ་འཆམ་བྱེད་པ།

    548762_yis_1536552953375_s.jpg

    འདི་ནི་ཡུལ་སྐོར་བས་ནུང་ཅན་ཉིང(གཡོན)གི་ཡུལ་སྐོར་བཟོ་རྩལ་ཐོན་རྫས་ཚོང་ཁང་ནང་ཡུལ་སྐོར་གྱི་དྲན་རྟེན་དངོས་པོ་ཉོ་བཞིན་པ།

    548760_yis_1536552951721_s.jpg

    འདི་ནི་བགྲེས་སོང་བཀྲ་ཤིས་རྒྱལ་པོས་སྒོ་རའི་ནང་ལས་རེས་བྱེད་སྐབས《བོད་ལྗོངས་ཉིན་རེའི་ཚགས་པར》ལྟ་ཀློག་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དགོངས་དོན་སློབ་སྦྱོང་བྱེད་བཞིན་པ།

    548759_yis_1536552950817_s.jpg

    འདི་ནི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཚེ་བརྟན(མདུན)དང་སྤེན་པ་སྒྲོལ་མས་བར་སྐོར་སྲང་ལམ་དུ་གད་སྙིགས་བསྡུ་བ།

    548761_yis_1536552952533_s.jpg

    འདི་ནི་བསམ་སྡིངས་སྒོ་རའི་ནང་སྡོད་མཁན་འཛོམས་སྐྱིད་ཀྱིས་རང་ཁྱིམ་གྱི་ཉི་གཡབ་སྒང་གི་མེ་ཏོག་ལ་ཆུ་རྒྱག་པ།

    548763_yis_1536552954186_s.jpg

    འདི་ནི་སྒྱུར་བཀོད་བྱས་ཟིན་པའི་བར་སྐོར་ལྷོ་ངོས་ཡིན།

    ལྷ་སར་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། དེ་ནི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ས་མཐོའི་རིག་གནས་ཀྱི་གནའ་གྲོང་ཞིག་ཡིན་པ་མ་ཟད། མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཞིག་ཀྱང་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། ལྷ་སའི་མི་སེར་གྱི་འཚོ་བའི་སྤུས་ཚད་དང་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས་མི་སེར་གྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་། བདེ་སྡོད་ལས་བརྩོན། སྤྱི་ཚོགས་བརྟན་ལྷིང་བཅས་བྱུང་ཡོད།

    “གྲོང་ཁྱེར་མཛེས་བཟོ་མཁན”གྱིས་གནའ་གྲོང་གི་རྣམ་པ་གསར་པ་གླེང་བ།

    ད་ཆ་ང་ཚོས་གྲོང་ཁུལ་རྙིང་པར་བསྐྱོད་ནས་མི་སེར་ཚོའི་གཏམ་རྒྱུད་ནན་ཏན་ངང་ཉན་རྗེས་ལྷ་སའི་གནའ་གྲོང་གི་འཕེལ་རྒྱས་དང་འགྱུར་ལྡོག་མྱོང་རོལ་བྱེད།

    “གྲོང་ཁྱེར་མཛེས་བཟོ་མཁན”ཞེས་འབོད་པའི་ཁོར་ཡུག་འཕྲོད་བསྟེན་བཟོ་པས་ཉིན་ལྟར་ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་གང་སར་བསྐྱོད་ནས་གྲོང་ཁྱེར་གྱི་བཀོད་པ་གཙང་མ་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་འབུལ་བཞིན་ཡོད་པ་དང་དུས་མཚུངས་ཁོང་ཚོས་ལྷ་སའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་བདེན་དཔང་ཡང་བྱེད་ཐུབ་ཀྱི་ཡོད།

    འདི་ལོ་ལོ་49ལ་སླེབས་པའི་སྤེན་པ་སྒྲོལ་མ་ཁོར་ཡུག་འཕྲོད་བསྟེན་གྱི་ལས་ཀ་བྱས་ནས་ལོ་19ཙམ་སོང་བ་དང་། ཁོང་གིས་གྲོང་ཁུལ་རྙིང་པའི་ནང་གི་ཅང་སུའུ་ལམ་དང་། བར་སྐོར། དེ་བཞིན་བར་སྐོར་དོན་གཅོད་ཁྲུའུ་ཡི་རབ་གསལ་སྡེ་ཁུལ་བཅས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལས་དོན་གྱི་འགན་གཙོ་བོ་འཁུར་གྱི་ཡོད། ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་འགྱུར་ལྡོག་སྐོར་གླེང་སྐབས་སྤེན་པ་སྒྲོལ་མའི་བློ་ངོར་ཐོག་མར་འཆར་བ་ནི“ཧ་ཅང་གཙང་སྦྲ་དོད་པ”དེ་རེད།

    སྤེན་པ་སྒྲོལ་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན་པ་དང་ཁོང་བར་སྐོར་དོན་གཅོད་ཁྲུའུ་རབ་གསལ་སྡེ་ཁུལ་དུ་ལོ་49ཏག་ཏག་འཚོ་བ་བསྐྱལ་བས་ལོ་བཅུ་གྲངས་ཁ་ཤས་རིང་གི་གྲོང་ཁུལ་རྙིང་པའི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཡོད། དེ་སྔོན་གྲོང་ཁུལ་རྙིང་པའི་སྲང་ལམ་གང་སར་བཙོག་གཅིན་གྱིས་ཁེངས་ནས་གྲོང་ཁུལ་རྙིང་པའི་ཁོར་ཡུག་གཙང་སྦྲ་ཧ་ཅང་ཞན་པོ་ཡོད། གྲོང་ཁུལ་རྙིང་པའི་རྡོ་གཅལ་ལམ་ངོས་སུ་འབར་འབུར་མང་བས་ཆར་དུས་དང་དགུན་ཁ་ཁ་བ་འབབ་པའི་དུས་སུ་ལམ་ངོས་ཀྱི་འཁྱིལ་ཆུ་བཤང་འབུད་བྱེད་དཀའ་བས་ལས་ཀ་དཀའ་ལས་ཧ་ཅང་ཆེན་པོ་ཡོད་ཅེས་སྤེན་པ་སྒྲོལ་མས་དྲན་གསོ་བྱེད་བཞིན་དུ་བརྗོད། “ད་ཆ་གྲོང་ཁུལ་རྙིང་པའི་ཁྲོམ་གཞུང་དང་སྲང་ལམ་གང་སར་རྡོ་གཅལ་བཏིང་ནས་མིག་ལ་མཛེས་པ་མ་ཟད། གཙང་ཞིང་གྲལ་སྟར་སྒྲིག་པས་གྲོང་ཁུལ་རྙིང་པའི་ནང་འཚོ་བ་སྐྱེལ་བའི་གྲོང་མིས་སྒྱུར་བཅོས་སྒོ་དབྱེ་ལས་བྱུང་བའི་དངོས་ཕན་མྱོང་ཚོར་ཐུབ་ཡོད”ཅེས་སྤེན་པ་སྒྲོལ་མས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།

    “སྡེ་ཁུལ་གྱི་ཙུའུ་ཀྲང་རྒན་གྲས”ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གླེང་བ།

    ད་ཆ་ལྷ་སའི་གྲོང་ཁུལ་རྙིང་པ་གཙང་ཞིང་གྲལ་སྟར་སྒྲིག་པོ་ཡོད་པ་དང་། སྔོན་ཆད་སྡོམ་ཚང་དང་འདྲ་བའི་གློག་སྐུད་ཚང་མ་མཐོང་རྒྱུ་མེད་པ་མ་ཟད། ཚད་ལྡན་གྱི་མཚོན་རྟགས་བྱང་བུ་སྣ་ཚོགས་དང་འཐུས་སྒོ་ཚང་བའི་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད་ལས་ཚང་མར་གནའ་གྲོང་གི་གསོན་ཤུགས་གསར་པ་དངོས་སུ་མྱོང་ཚོར་ཐུབ་ཡོད། 

    “1955ལོར་ཞིང་བྲན་བདག་པོས་རང་ཉིད་གཞིས་རྩེ་ནས་ལྷ་སར་འཁྲིད་པ་དང་སྐབས་དེ་དུས་ལྷ་ས་གྲོང་ཁྱེར་དེ་རྒྱ་ཁྱོན་ཧ་ཅང་ཆུང་ཞིང་། ནོར་བུ་གླིང་ཁ་དང་། ཀུན་བདེ་གླིང་སྡེ་ཁུལ། ཕོ་བྲང་པོ་ཏ་ལའི་ཞོལ་སྡེ་ཁུལ་རྙིང་པ་བཅས་ཕུད། དེ་བྱིངས་ཀྱི་ས་ཆ་ཕལ་ཆེ་བ་འདམ་རྫབ་ཀྱིས་ཁེངས་པ་དང་། ད་ཆའི་གཡུ་ཐོག་ལམ་གྱི་རྐང་ཐང་ཁྲོམ་གཞུང་དུའང་སྐྲུན་དངོས་གང་ཡང་མེད་པར་སྤྱིའི་ཆ་ནས་འདམ་རྫབ་ཁུལ་རེད”ཅེས་ལོ་87ལ་སླེབས་པའི་བགྲེས་སོང་བཀྲ་ཤིས་རྒྱལ་པོས་དྲན་གསོ་བྱེད་བཞིན་དུ་བཤད།

    བགྲེས་སོང་བཀྲ་ཤིས་རྒྱལ་པོས་སྤྱི་ཚོགས་རྙིང་པའི་དཀའ་སྡུག་བརྒྱུད་མྱོང་ལ། སྤྱི་ཚོགས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ལོངས་སྤྱོད་བྱེད་བཞིན་ཡོད། བགྲེས་སོང་ཁོང་ནི་ལོ་87ལ་སླེབས་པས་མ་གཞི་བྱས་ན་ཚེ་མཇུག་བདེ་ལ་རོལ་དགོས་མོད། འོན་ཀྱང་ཁོང་གིས་ཁོམ་པར་མི་སྡོད་པར་མེས་རྒྱལ་དང་ཏང་གི་བཀའ་དྲིན་ལས་ཁོང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ་ཆེད། བགྲེས་སོང་གིས་སྔ་ཕྱི་བར་གསུམ་དུ་གཞི་རིམ་དུ་ཞབས་འདེགས་ཞུས་ནས་བསམ་སྡིངས་སྒོ་རའི་ཙུའུ་ཀྲང་གི་འགན་ཁུར་ཡོད། ད་ཆ་གྲོང་ཁུལ་རྙིང་པའི་གྲོང་མིའི་སྒོ་ར་ཚང་མ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཁག་ཆ་ཚང་བས་གྲོང་མིའི་འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བགྲེས་སོང་བཀྲ་ཤིས་རྒྱལ་པོས་དགའ་ཚོར་ཆེན་པོས་བཤད།

    “གྲོང་མི་གསར་པས”གནའ་ཉམས་ལྡན་པའི་རྣམ་པ་གསར་པ་གླེང་བ།

    བོད་དུ་ངོ་མཚར་ཆེ་བའི་ཡིད་དབང་འཕྲོག་ཤུགས་ཤིག་ཡོད་དེ། དེ་གར་ཐེངས་གཅིག་སླེབས་མྱོང་ཚེ་དེར་འཕྲེང་སེམས་སྐྱེ་སྲིད། ཀོང་ཤིས་ནན་ཉིང་ནས་ཡིན་པའི་ནུང་ཅན་ཉིང་དེ་སྔ་བོད་དུ་ཐེངས་མང་ཡོང་མྱོང་ཞིང་། ཁོང་གིས་བརྗེད་དཀའ་ཤོས་ནི་ལོ་མང་གོང་དུ་ཁོང་ལས་རོགས་དང་མཉམ་དུ་རྐང་ཐང་མར་ལྷ་སར་ཡོང་བ་དེ་ཡིན་པ་དང་ཁོང་གིས་ལྷ་སར་དགའ་ཞེན་ཆེན་པོ་ཡོད་པ་རེད། ལྷ་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཐོང་སྐབས་ནུང་ཅན་ཉིང་གི་སེམས་ལ་བརྗོད་མི་ཤེས་པའི་མྱོང་ཚོར་ཞིག་ཡོང་གི་ཡོད། “ལྷ་ས་ནས་ཁ་བྲལ་རིམ་བཞིན་དེ་གར་འཕྲེང་སེམས་ཆེན་པོ་སྐྱེ་གི་འདུག་པས་ངས་ལྷ་སར་ཡང་ཡང་ཡོང་གི་ཡོད། ན་ནིང་ཟླ་7པར་ངས་སླར་ཡང་གནམ་གྲུ་བསྡད་ནས་ལྷ་སར་ཡོང་སྟེ་ལོ་གཅིག་བསྡད་པ་ཡིན། ད་ཆ་ངས་ལྷ་སའི་གྲོང་ཁུལ་རྙིང་པར་ཚོང་བརྒྱབ་ནས་སྡོད་ཀྱི་ཡོད་ལ། དེ་གར་གཞིས་ཆགས་རྩིས་ཡོད”ཅེས་གད་མོ་དགོད་བཞིན་དུ་བཤད།

    ད་ཆའི་ལྷ་སའི་གྲོང་ཁུལ་རྙིང་པས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་བདེན་དཔང་བྱེད་ལ། གྲོང་ཁུལ་རྙིང་པའི་གྲོང་མིས་སྒྱུར་བཅོས་སྒོ་དབྱེའི་རླབས་རྒྱུན་ཁྲོད་ནས་དུས་རབས་ཀྱི་ཡར་ཐོན་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་ལ། ལྷ་སའི་གྲོང་ཁུལ་རྙིང་པ་འདི་ཉིད་འཛམ་གླིང་ལ་བོད་ཀྱི་གཟུགས་བརྙན་ངོམ་པའི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།