[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱལ་ལམ་317རྒྱུད་དུ་ཡོད་པའི་བོད་ཀྱི་སྔས་ལ་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    555235_yis_1538458103499_s.jpg

    འདི་ནི་རླངས་འཁོར་ཤར་གཏོང་ཐུབ་ཡུལ་ཡིན་པ།

     དགའ་སྤྲོའི་རྟེན་འབྲེལ་ཤོག་སྦག་སྤར་བ་དང་སྦྲགས། རྒྱལ་ལམ་317རྒྱུད་དུ་ཡོད་པའི་བོད་ཀྱི་སྔས་ལ་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ། ལོ་ངོ་བཅུ་གྲངས་རིང་བོད་ཀྱི་ཤར་རྒྱུད་མཐའ་མཚམས་འཕྲེད་བརྒལ་བྱས་པའི་སྔས་ལ་དེ་ད་ལྟ་ཁྲོན་བོད་གཞུང་ལམ་གྱི་ཉེན་ཁ་ཆེ་བའི་ལམ་ཞིག་མིན་པར། བོད་ཤར་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཁྲོན་བོད་ས་ཁུལ་གྱི་དཔལ་འབྱོར་འབྲེལ་མཐུད་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཤར་རྒྱུད་ཀྱི་སྒོ་མོ་ཡིན་པའི་ས་བབ་མཐོ་ཚད་སྨི་4550ཟིན་པའི་སྔས་ལ་ནི་བོད་དང་ནང་ས་འབྲེལ་བ་བྱེད་པའི་འགལ་རྐྱེན་ལྟ་བུ་ཞིག་ཡིན་ཞིང་། བོད་ཀྱི་མ་ལམ་གཙོ་བོ་རྒྱལ་ལམ་317བརྒྱུད་སའི་རླངས་འཁོར་ཤར་གཏོང་གི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་ཡི་ཡོད། རླངས་འཁོར་ཤར་གཏོང་ཐུབ་པའི་སྔས་ལ་ཕུག་ལམ་ནི་རྒྱལ་ལམ་317གྱི་སི་ཁྲོན་སྡེ་དགེ་རྫོང་དང་བོད་ལྗོངས་འཇོ་མདའ་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་ལམ་ཐིག་ཧྲིལ་པོར་སྨི་4800ལྷག་ཡོད། ཕུག་ལམ་དེ་རིམ་པ་གཉིས་པའི་གཉིས་གཤིབ་ལམ་གྱི་ཚད་གཞི་ལྟར་ཇུས་འགོད་བྱས་པ་དང་། སྔས་ལ་ཕུག་ལམ་ཤར་གཏོང་ཐུབ་རྗེས་སྔས་ལ་བརྒལ་བའི་ལམ་དུམ་གྱི་ས་གཤིས་གནོད་འཚེ་ལས་གཡོལ་ཐུབ་ནས་གཞུང་ལམ་གྱི་ས་བབ་དམའ་རུ་དང་ལམ་ཐག་སྤྱི་ལེ་20ལྷག་ཐུང་དུ་ཕྱིན་པ་མ་ཟད། ལམ་དུམ་དེའི་རྒྱལ་ལམ་གཞུང་ལམ་ལོ་ཧྲིལ་པོར་ཤར་གཏོང་ཐུབ་རྒྱུ་འགན་ལེན་དང་གཞུང་ལམ་ཤར་གཏོང་གི་ནུས་པ་ཆེ་རུ་ཕྱིན་ནས་རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་དང་བདེ་འཇགས་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཏེ། ཁྲོན་བོད་འགྲིམ་འགྲུལ་ཁོར་ཡུག་ལེགས་གཏོང་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།