[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོའི་གློག་དྲ་དང་སི་ཁྲོན་གྱི་གློག་དྲ་དྲ་སྦྲེལ་བེད་སྤྱོད་སླར་གསོ་ཐུབ་པ།

    ​ ཉིན་179བེད་སྤྱོད་བྱས་པའི་ཆབ་མདོའི་གློག་དྲ་རྐྱང་པ་སྤྱོད་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-04

     རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་མཁོ་འདོན་ཀུང་སིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ལས་དོན་མི་སྣས་བརྙན་ཤེལ་ལ་ལྡིར་ནས་དུས་རྟག་ཏུ་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་གྱི་རི་མོར་དོ་ཁུར་བྱེད་བཞིན་ཡོད་པ་རེད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་མཁོ་འདོན་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་ཆེན་མོ་བ་གཞོན་པ་ལེགས་སྒྲིག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ལའེ་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་19ཉིན་གྱི་ཆུ་ཚོད19དང་སྐར་མ་59ཙམ་ལ་ཆབ་མདོའི་གློག་དྲ་དང་སི་ཁྲོན་གློག་དྲ་དེ་ཆན་ཧྥུའུ་500ཟིན་པའི་རྫ་ཆུའི་གློག་སྒྱུར་ས་ཚིགས་ཀྱི་ཆན་ཧྥུའུ་220དང་གློག་སྐུད་གཙོ་བོ་སྦྲེལ་བའི་གློག་སྒོ་212སུ་དུས་གཅིག་ཏུ་དྲ་སྦྲེལ་སླར་གསོ་ཐུབ་ཡོད། དེ་ཐོག་ནས་ཉིན་179བེད་སྤྱོད་བྱས་པའི་ཆབ་མདོའི་གློག་དྲ་རྐྱང་པ་སྤྱོད་མཇུག་འགྲིལ་ནས་ཆབ་མདོའི་གློག་དྲའི་གློག་གནོན་རིམ་པ་ཆན་ཧྥུའུ་220ནས་500ཡི་བར་མཆོང་སྐྱོད་ཐུབ་པ་མཚོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་དེ་ཆབ་མདོ་གྲོང་ཁྱེར་གྱི་ས་ཚིགས་གསུམ་དང་འབྲེལ་ཡོད་པ་དང་། རྫ་ཆུའི(གློག་སྒྱུར་ས་ཚིགས)དེ་ཆན་ཧྥུའུ་220ནས་ཆན་ཧྥུའུ་500བར་མཐོ་རུ་བཏང་བ་དང་། སྨར་ཁམས་སུ་ཆན་ཧྥུའུ་500ཟིན་པའི་གློག་སྒྱུར་ས་ཚིགས་གཅིག་དང་མཛོ་སྒང་དུ་ཆན་ཧྥུའུ་500ཟིན་པའི་གློག་སྒོའི་ས་ཚིགས་གཅིག་གསར་དུ་བསྐྲུན་ཡོད་པ་རེད། གློག་གཏོང་འགོ་ཚུགས་རྗེས་ཆབ་མདོའི་གློག་དྲ་དེ་ཤར་རྒྱུད་དུ་སི་ཁྲོན་དང་དྲ་སྦྲེལ་ཐུབ་རྒྱུ་དང་། ནུབ་རྒྱུད་དུ་བོད་དབུས་ཀྱི་གློག་དྲ་དང་དྲ་སྦྲེལ་ཐུབ་ནས་ས་ཕྱོགས་གཉིས་ཀྱི་གློག་ཤུགས་དང་སྤེལ་རེས་ཐུབ་རྒྱུ་ཡིན་པ་རེད།

    ཆབ་མདོའི་གློག་དྲས་གློག་དྲ་རྐྱང་པ་བེད་སྤྱོད་བྱེད་སྟངས་བཀོད་སྒྲིག་བྱས་པ་དེ་ནི་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་བེད་སྤྱོད་གྲ་སྒྲིག་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། དེ་ལས་གྲྭ་བདེ་འཇགས་དང་། གོ་རིམ་ལྡན་པ། དུས་བཀག་བཅས་ཀྱི་སྒོ་ནས་ལེགས་གྲུབ་ཐུབ་རྒྱུ་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། གློག་དྲ་རྐྱང་པ་བེད་སྤྱོད་བྱེད་རིང་། ཆབ་མདོའི་གློག་དྲར་དྲ་སྒྲོམ་ཉམས་ཞན་དང་། སྒྲིག་ཆས་གསར་པ་བེད་སྤྱོད་ཀྱི་ལས་འགན་ལྕི་བ། གློག་ཤུགས་གློག་ཚད་དོ་སྙོམས་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད། གོང་རིམ་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱི་ཁྲིད་སྟོན་འོག་ཆབ་མདོའི་གློག་མཁོ་འདོན་ཀུང་སིས་སྔ་སྣུར་དུ་གློག་དྲ་བེད་སྤྱོད་བྱེད་སྟངས་བཀོད་སྒྲིག་བྱེད་པ་དང་། “འགོག་སྲུང་འཛིང་རགས་གསུམ”གྱི་ཚོད་འཛིན་བྱ་ཐབས་ལེགས་སུ་གཏོང་བ། གློག་ཤུགས་དང་གློག་ཚད་དོ་སྙོམས་ལ་དབྱེ་ཞིབ་བྱེད་པ། གློག་གཏོང་གློག་སྒྱུར་སྒྲིག་ཆས་ལ་སྐོར་ཞིབ་བྱེད་པ་དང་དེ་བཞིན་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ནས་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པ་དང་། ཚོད་འཛིན་བྱ་ཐབས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། གློག་དྲ་བེད་སྤྱོད་ཀྱི་ཉེན་ཁ་སྔོན་འགོག་ནན་པོ་བྱེད་པ་བཅས་བྱས་པས་ཆབ་མདོའི་གློག་དྲ་རྐྱང་པ་བེད་སྤྱོད་བྱེད་རིང་བདེ་འཇགས་དང་གློག་བརྟན་པོ་བྱུང་ནས་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭར་དུས་བཀག་བཞིན་སྐུལ་འདེད་གཏོང་ཕྱིར་བདེ་འཇགས་ཀྱི་འདེགས་སྐྱོར་ཐུབ་ཡོད་པ་རེད།

    དྲ་སྦྲེལ་བེད་སྤྱོད་སླར་གསོ་ཐུབ་རྗེས། ཆབ་མདོའི་གློག་དྲའི་ཉེན་ཁ་འགོག་པའི་ནུས་པར་སྔར་བས་ཤུགས་སྣོན་ཐེབས་པ་དང་། གློག་མཁོ་འདོན་འགན་ལེན་དང་གློག་དྲ་ཕྱིར་གཏོང་གི་ནུས་པ་སྔར་བས་ལེགས་སུ་དང་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་དེ་བས་ནུས་ལྡན་གྱི་གློག་ཤུགས་འདེགས་སྐྱོར་ཐུབ་རྒྱུ་ཡིན་པ་རེད། ལའེ་ཡུང་གིས་མིག་སྔར་བོད་དབུས་ཀྱི་གློག་དྲའི་མ་ལག་མཉམ་འབྲེལ་ལེགས་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། གོང་རིམ་བཀོད་གཏོང་ལས་ཁུངས་ཀྱི་བླང་བྱ་གཞིར་བཟུང་། ཆབ་མདོས་འབྲེལ་ཡོད་གཞོགས་འདེགས་ལས་དོན་ལེགས་པར་བསྒྲུབས་ནས་ཆབ་མདོའི་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།