[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་ས་ཁུལ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ལྟོ་སྣོད་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-07

    ཉེ་ཆར། མངའ་རིས་ས་ཁུལ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཅིང་ཧོ་ཞང་གཙང་སྦྲ་ཚད་ཡོད་ཀུང་སིའི་ལྟོ་སྣོད་དུག་སེལ་དང་སྡེབ་སྐྱེལ་ལྟེ་གནས་ལ་འཕྲོད་བསྟེན་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། མངའ་རིས་ས་ཁུལ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ཅིང་ཧོ་ཞང་གཙང་སྦྲ་ཚད་ཡོད་ཀུང་སིར་ལྟོ་སྣོད་ལ་མུ་མཐུད་གཅིག་སྡུད་ཐོག་དུག་སེལ་ལས་སྒོ་གཉེར་དགོས་ན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་བཟོ་གྲྭའི་ཁོར་ཡུག་དང་བཀོད་པ་དང་། ཐོན་སྐྱེད་ཁུལ་གྱི་འཕྲོད་བསྟེན་སྒྲིག་བཀོད། རྒྱུ་ཆ་ཉར་ཚགས་དང་སྐྱེལ་འདྲེན། ཐོན་སྐྱེད་བརྒྱུད་རིམ་གྱི་འཕྲོད་བསྟེན། འཕྲོད་བསྟེན་གྱི་སྤུས་ཚད་དོ་དམ་མ་ལག ལས་མིའི་འཕྲོད་བསྟེན། འཕྲོད་བསྟེན་གྱི་ཡིག་ཚགས་དོ་དམ་བཅས་ཕྱོགས་ཡོངས་ནས་ཚད་ལྡན་བཟོས་ནས《ལྟོ་སྣོད་ལ་གཅིག་སྡུད་དུག་སེལ་བྱེད་པའི་ཚན་པའི་འཕྲོད་བསྟེན་ལྟ་སྐུལ་ལས་དོན་གྱི་ཚད་གཞིའི》འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱའི་ཚད་གཞི་ལོན་ཚེ། གཞི་ནས་འབྲེལ་ཡོད་ལས་སྒོ་གཉེར་རྒྱུའི་འདུན་ཞུ་བྱེད་ཆོག་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།