[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནས་ཚུལ་ཞིབ་ཕྲའི་ཁྲོད་ཀྱི་དམངས་འཚོའི་དོན་སྙིང་ལྡན་པའི་གནད་དོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-06

    འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ལྟ་སྐབས། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་སྒོ་བསྟེན་སྨན་བཅོས་ལ་སྤྱོད་པའི་སྨན་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུར་བཅུག་པ་ནས་སྒུལ་བདེའི་དྲ་བའི་རྒྱུག་འབོར་གྱི་ཆ་སྙོམས་འགྲོ་གྲོན་སླར་ཡང་20%ཡན་བཅག་སྟེ་རྒྱལ་ཡོངས་སུ“ཨང་གྲངས་དེ་རང་སྤྱད་དེ་དྲ་བ་གཞན་དུ་སྒྱུར་བའི”བར་དང་གྲོང་ཁྱེར་དུ་ལས་ཀར་སྐྱོད་མཁན་དང་མཉམ་དུ་སླེབས་པའི་བུ་ཕྲུག་གི་སློབ་གསོ་འགན་ལེན་ནས་གྲོང་མིའི་སྨན་བཅོས་འགན་ལེན་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30བར་སྤར་བ་ཚང་མ་ནི་དངོས་གནས་དྲང་གནས་ཀྱིས་དམངས་འཚོར་དོ་ཁུར་བྱས་པ་ཤ་སྟག་རེད།

    དམངས་འཚོའི་བཀོད་སྒྲིག་ཞིབ་ཚགས་རབ་དང་རིམ་པ་དེ་དག་གིས་སྤྱི་ཚོགས་ཀྱི་ཞན་ཆ་གནད་ལ་འཁེལ་པོས་གསབ་པ་དང་མང་ཚོགས་ཀྱི་རིམ་པ་མང་བ་དང་རྣམ་པ་སྣ་ཚོགས་ཀྱི་དམངས་འཚོའི་དགོས་མཁོ་བསྐངས་ཡོད། དམངས་འཚོའི་མངོན་གསལ་དོད་པའི་གནད་དོན་འདི་དག་འོད་ཆེམ་ཆེམ་དུ་འཕྲོ་བའི་གློག་སྒྲོན་དང་འདྲ་བར་མི་སེར་ལ་དྲོ་སྐྱིད་སྦྱིན་གྱི་ཡོད།

    དམངས་འཚོའི་ལས་དོན་ནི་མང་ཚོགས་ཀྱི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། བཀོད་སྒྲིག་ཁག་གཅིག་ལྟ་ཚོད་ལ་བྱ་བ་ཞིབ་ཕྲ་ཞིག་ཡིན་རུང་། མདོར་བསྡུར་ནས་བརྗོད་ན་དེ་ནི་དམངས་འཚོའི་དོན་ཆེན་ཞིག་དང་དམངས་འཚོའི་རྩིས་ཁྲ་ཆེན་པོ་ཞིག་རེད། དམངས་འཚོའི་དོན་དངོས་རེ་རེ་དོན་འཁྱོལ་བྱས་པ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་བས་མང་བར་ཕན་པ་བསྐྲུན་པ་དང་དངོས་དངོས་རྗེན་རྗེན་གྱིས་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཀྱི་སེམས་པ་བཅས་ཆེ་རུ་འགྲོ་གི་ཡོད།

    དམངས་འཚོར་དམ་འཛིན་ཡག་པོ་བྱེད་པ་ནི་ང་ཚོའི་དམིགས་ཚད་ཡིན་ལ། སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་བས་ལེགས་པ་གཏོང་ཆེད་ཟམ་མི་ཆད་པའི་སྒུལ་ཤུགས་སྣོན་རྒྱུ་དེ་རེད། ལས་དོན་འདི་ཡག་པོ་སྒྲུབ་པར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མིག་སྔའི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་དགོས་མཁོ་གནད་འཁེལ་འཚོལ་བ། དོན་དངོས་ནས་འགོ་བཙུགས་ཏེ་རང་ནུས་གང་ཡོད་དང་ནུས་པས་ལྕོགས་ཚོད་ཀྱིས་ལྕགས་ཡག་པོ་གྲི་དངོར་སྤྱོད་པ་དང་བྱ་བཟང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ནས་མི་སེར་ཚོས་མཐོང་ཐུབ་པ་དང་། རེག་ཐུབ་པ། ཚོར་ཐུབ་པ་བཅས་ཀྱི་ཕན་པ་ཐོབ་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།