[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྲིད་ཇུས་འགན་ལེན་ཡག ལས་ཞུགས་གདམ་ག་མང་།

    2019ལོའི་སློབ་ཐོན་སློབ་མའི་སློབ་གྲྭའི་ལས་ཞུགས་ལས་བསྡུའི་ཚོགས་འདུ་ཆེ་གྲས་ཀྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    621950_yis_1557809531895_s.jpg

    འདི་ནི་ལས་བསྡུའི་ཚོགས་རར་ལས་ཀ་འཚོལ་མཁན་གྱིས་ལས་གནས་ཀྱི་ངོ་སྤྲོད་ཉན་བཞིན་པ།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སློབ་གྲྭ་དང་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་གཉིས་འདེམས་ལས་སྟེགས་བསྐྲུན་ནས། ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་བུ་རྒྱ་ཆེར་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་དེ་བས་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། 2019ལོའི་སློབ་ཐོན་སློབ་མའི་སློབ་གྲྭའི་ལས་ཞུགས་ལས་བསྡུའི་ཚོགས་འདུ་ཆེ་གྲས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་ནུབ་མར་འཚོགས་ཤིང་། ཁེ་ལས་250ཡིས་ལས་གནས་འདྲ་མིན་6000ལྷག་ཙམ་མཁོ་འདོན་བྱས་པ་དང་། སྔ་དྲོའི་ཆུ་ཚོད་10པར་ལས་བསྡུའི་ཚོགས་འདུ་འཚོག་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཡོད།

    ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུར་བོད་ལྗོངས་ས་གཙང་བདེ་ཐང་ཐོན་རྫས་འགྲེམས་ཚོང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཞིབ་བཤེར་བདེན་དཔང་ར་སྤྲོད་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་སོགས་ཁེ་ལས་250ལྷག་ཙམ་སྒྲིག་འཛུགས་བྱས་ཡོད་པ་དང་། ཁེ་ལས་དེ་དག་གིས་སྨྱན་སྦྱོར་གསར་པའི་འཁོར་སྐྱོད་དང་། རྩིས་པ། བྲིན་ཚོང་སོགས་ཀྱི་ལས་གནས་6000ལྷག་ཙམ་མཁོ་འདོན་བྱས་ཏེ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད།

    “ད་ཐེངས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཚན་པ་ཞིག་ལ་ལས་ཞུགས་བྱེད་རྩིས་ཡོད། གང་ལགས་ཤེ་ན། འབྱུང་འགྱུར་ཁང་པ་ཉོ་སྐབས་སྟབས་བདེ་ཡོང་ཆེད་ཡིན” ལས་ཀ་འཚོལ་མཁན་མང་པོའི་ཁྲོད་ལས་ངག་ཆེན་དགྲ་འདུལ་གྱི་དམིགས་ཚད་དེ་བས་ཁ་གསལ་པོ་ཡོད།

    ངག་ཆེན་དགྲ་འདུལ་གྱིས་འབྱུང་འགྱུར་ལས་ཞུགས་ཀྱི་ཁོར་ཡུག་ལ་ཡིད་ཆེས་ཆེན་པོ་ཡོད་པ་ནི་ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུས་ལས་ཞུགས་ཀྱི་ལས་གནས་འདང་ངེས་མཁོ་འདོན་བྱས་པའི་རྐྱེན་ཁོ་ན་མ་ཡིན་པར། ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པས་རེད།

    ལས་ཞུགས་ནི་དམངས་འཚོའི་གཞི་རྩ་ཡིན་ལ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པ་བྱེད་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ལོ་མང་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་དམ་འཛིན་བྱས་ཡོད།

    ལས་ཀ་འཚོལ་མཁན་ཁག་གཅིག་དང་མི་འདྲ་བར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཞིང་ལས་ཚན་རིག་ལག་རྩལ་སློབ་གླིང་གི་2019ལོའི་སློབ་ཐོན་སློབ་མ་ཆོས་འཛོམས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ལས་བསྡུའི་ཁེ་ལས་ལ་སྤྲོད་པའི་བྲེལ་བ་མ་བྱས་པར་ལས་བསྡུའི་ཁེ་ལས་ཡོངས་རྫོགས་ལ་ནན་ཏན་གྱིས་ཐེངས་གཅིག་བལྟས་པ་མ་ཟད། རང་ཉིད་ཀྱི་བློར་བབས་པའི་ཁེ་ལས་ཀྱི་མིང་དང་ལས་གནས་ཟིན་དེབ་ཏུ་ཞིབ་ཚགས་བཀོད་རྗེས“འཁྱུག་ཙམ་ནས་རྒན་ལགས་ལ་བཀའ་འདྲི་ཞུས་ནས་ལས་གནས་གང་ཞིག་རང་ཉིད་དང་འཚམ་མིན་དབྱེ་ཞིབ་ཡག་པོ་བྱས་ཏེ་རང་ཉིད་ཀྱི་འདོད་བློ་དང་འཚམ་པའི་ལས་ཀ་ཞིག་བཙལ་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་རྩིས་ཡོད”ཅེས་བརྗོད།

    ལས་ཞུགས་ཐུབ་མིན་ནི་སློབ་མ་ཞིག་སློབ་གྲྭ་ནས་སྤྱི་ཚོགས་ལ་བདེ་བླག་ངང་སྐྱོད་ཐུབ་མིན་གྱི་སྒོ་མོ་ལྟ་བུ་ཡིན་པས་སློབ་མ་ཚོ་སྤུས་ཚད་མཐོ་བའི་ལས་ཞུགས་དང་ལས་ཞུགས་བརྟན་པོ་ཞིག་ཐུབ་ཆེད། ཉེ་བའི་ལོ་གཉིས་རིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱས་པ་མ་ཟད“ཁུར་མོང་མེ་ཏོག་གི་འདུ་འགོད”དང“སྐལ་བཟང་མེ་ཏོག་གི་འདུ་འགོད” “ཐོ་རེངས་སྐར་ཆེན་གྱི་འདུ་འགོད”སོགས་ནུས་ལྡན་གྱི་ལས་ཞུགས་བྱེད་ཐབས་སྣ་ཚོགས་ལག་ལེན་བསྟར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།