[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • པེ་ཅིང་ཕིང་ཀུའུ་ཆུས་ཀྱི་ཁམ་བུའི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་གཡན་ཀང་།    |    སྤེལ་དུས།   2019-06-22

    634898_yis_1561093255568.jpg

    འདི་ནི་ལག་རྩལ་པས་ས་གནས་དེ་གའི་མང་ཚོགས་ལ་ཁམ་སྡོང་འཛུགས་སྟངས་སློབ་བཞིན་པ།

    སྙེ་མོ་རྫོང་གི་དཔལ་འབྱོར་རྨང་གཞི་ཞན་པ་དང་། རི་མཐོ་ཞིང་གྲོག་རོང་གཟར་བ། མི་རེའི་ཆ་སྙོམས་ས་ཞིང་རྒྱ་ཁྱོན་ཆུང་བས་ས་གནས་དེ་གའི་མང་ཚོགས་ཚོས་ནས་ཞིང་འདེབས་འཛུགས་གཙོ་བོར་བྱེད་ཀྱི་ཡོད། ནས་ཞིང་དེ་དག་གིས་ལྟོ་གོས་འཕྱིད་ཙམ་ལས་མེད་པས་དཔལ་འབྱོར་ཡོང་འབབ་གཏན་ནས་མེད། རྫོང་ཡོངས་ཀྱི་མི་ཁྲི་3.6གི་གྲས་ནས་མི་5000ལྷག་ཙམ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེད།

    “དཔལ་འབྱོར་སྐྱེ་དངོས་མ་བཏབ་པ་གང་ཡིན་ནམ”ཁམ་བུའི་ཕ་ཡུལ་དུ་གྲགས་པའི་ཕིང་ཀུའུ་ཆུས་ནས་ཡོང་བའི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་ཞང་ལ་ཁམ་བུ་གཙོ་བོར་བྱས་པའི་ཤིང་འབྲས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་བསམ་བློ་འཁོར། ཕ་ཡུལ་གྱི་ཁམ་བུའི་ཐོན་ལས་ཀྱིས་ཆུས་ཡོངས་ཀྱི་ཞིང་ལས་ཀྱི་ཕྱེད་ཀ་ཙམ་བཟུང་བ་དང་མུའུ་རེའི་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་1ཡན་ཡོང་གི་ཡོད། གལ་སྲིད་ནང་འདྲེན་བདེ་བླག་ཐུབ་ན་འདི་གའི་ཞིང་པར་མུའུ་རེ་ནས་ཁེ་བཟང་ཡོང་འབབ་ལྡབ་10ནས་20ཡན་བར་མཐོ་རུ་འགྲོ་ཐུབ།

    ལྷ་སར་ཤིང་འབྲས་དཀོན་རུང་འདི་གར་ས་བབ་མཐོ་བས་ཁམ་སྡོང་བཏབ་ན་སྐྱེས་མིན་སྐོར་ལ་ཀྲའོ་ཅིན་ཞང་སོམ་ཉིའི་དྲ་བར་ཚུད།

    སྙེ་མོ་ས་ཁུལ་གྱི་ལོ་10ཙམ་གྱི་གནམ་གཤིས་དཔྱད་གཞིར་བརྟག་ཞིབ་བྱས་རྗེས་ཁོང་གིས་འདི་གའི་སྤྱིར་བཏང་དྲོད་ཚད་ཕིང་ཀུའུ་ཆུས་དང་འདྲ་ལ་ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཆེ་བས་ཤིང་འབྲས་ཀྱི་སྤུས་ཀ་ལེགས་པོ་ཡོང་རྒྱུར་ཕན་པ་ཡོད་པ་ཤེས། བརྟག་ཞིབ་བྱེད་རིང་ད་དུང་ས་གནས་དེ་གར་རི་ཁམ་ཡོད་པ་ཤེས་འཕྲལ་ཀྲའོ་ཅིན་ཞང་གི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད།

    2017ལོའི་དྭངས་གསལ་དུས་ཚིགས་ཀྱི་སྔ་རྗེས་སུ་པེ་ཅིང་ཕིང་ཀུའུ་ཆུས་ནས་ཁམ་སྡོང་རྩེ་གྲའི་རིགས་8ཀྱི་སྡོང་ཕྲུག་ཁྲི་1ནང་འདྲེན་བྱས་ཏེ་མཁར་རུ་ཤང་དུ་བཏབ། ཀྲའོ་ཅིན་ཞང་གིས་སྡོང་ཕྲུག་གི་གསོན་ཚད་ལ་སེམས་ཁྲལ་ཆེན་པོ་བྱེད་ཅིང་། ཉིན་ལྟར་ཁམ་སྡོང་འདེབས་སར་བསྐྱོད་དེ་སྡོང་ཕྲུག་སྐྱེ་ཚུལ་ལ་ལྟ་བ་དང་། སྡོང་ཕྲུག་གི་སྐྱེ་ཚུལ་གཞིར་བཟུང་ས་མཐོའི་རླུང་བུ་འགོག་པ་དང་། སྨུག་ཕྱིའི་འོད་ཟེར་འགོག་པ། ཐན་པ་འགོག་པ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་བྱས་ནས་ལག་ལེན་བསྟར་བ་རེད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར་ཐོག་མར་བཏབ་པའི་ཁམ་སྡོང་གི་སྡོང་ཕྲུག་ཁྲི་གཅིག་གི་གསོན་ཚད་90%ཟིན་པ་དང་། གསབ་འདེབས་བྱས་པ་བརྒྱུད་བསྡོམས་སྡོང་ཕྲུག་རྐང་ཁྲི་གཅིག་ཡོད་པ་རེད། “2018ལོའི་སྟོན་དུས་སུ་ཁམ་བུ་ཆེན་པོ་བཟའ་རྒྱུ་བྱུང་བས་ངའི་སེམས་ལྷོད་ལ་བབས་བྱུང་། དྲོ་བ་ཧ་ཅང་ཞིམ་པོ་འདུག ན་ནིང་འབྲས་བུ་མང་པོ་བཏགས་མི་འདུག འདི་ལོ་འབྲས་བུ་མང་པོ་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད།

    པེ་ཅིང་ཕིང་ཀུའུ་ཆུས་ཀྱི་ཁམ་བུ་མཁར་རུ་ཤང་དུ་བཏབ་པ་དེ་ནི་སྙེ་མོ་རྫོང་གི“ལུང་ཤུར་དཔལ་འབྱོར”འཕེལ་རྒྱས་བཏང་བའི་མཚོན་ཚུལ་ཙམ་རེད། པེ་ཅིང་གི་བོད་སྐྱོར་ལས་བྱེད་པའི་འབད་འཐབ་འོག་སྙེ་མོ་རྫོང་གི་རིང་ཚད་སྤྱི་ལེ་40ཟིན་པའི་ལུང་ཤུར་དཔལ་འབྱོར་ཐོན་ལས་ཁུལ་རིམ་གྱིས་དར་འགོ་ཚུགས་ཡོད། མིག་སྔར་སྙེ་མོ་རྫོང་དུ་ཁམ་བུ་ཆེན་པོ་དང་། སེའུ་དམར་ཆུང་། རྒུན་འབྲུམ་སོགས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་དང་བོད་བྱ་ཚད་ལྡན་ཅན་གསོ་ཚགས་གཙོ་བོར་བྱས་པའི་དེང་རབས་ཞིང་ལས་དང་། མཁར་རུ་སྟར་སྡོང་ཕ་ཡུལ་གྱི་དྲན་འཚོལ་དང་སྤོས་ཀྱི་ཐོན་ལས་གླིང་བརྗོད་དོན་གཙོ་བོར་བྱས་པའི་དམངས་སྲོལ་ཡུལ་སྐོར། ཐོན་ལས་གཉིས་པའི་ལས་སྣོན་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་མ་ལག་བཏོད་ཡོད།

    “ལུང་ཤུར་དཔལ་འབྱོར”འཕེལ་རྒྱས་ཕྱིན་པ་དེས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཡང་སྐུལ་ཁྲིད་ཐུབ་ཡོད་པ་རེད། མཁར་རུ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་མི་འགྱུར་ད་ལོ་ལོ་45ལ་སླེབས་པ་དང་། ནང་མི་བཞི་ལ་ས་ཞིང་མུའུ་1.5ལས་མེད་ཅིང་། ཁམ་བུའི་ལྡུམ་རར་ལས་ཀ་བྱས་རྗེས་ལོ་རེའི་ཡོང་འབབ་ཁག་བསྡོམས་ན་སྒོར་ཁྲི་3ཙམ་རག་གི་ཡོད།

    2018ལོར་ཡུས་ཧྲེང་ཧོ་མེ་རིག་གནས་ཡུལ་སྐོར་ཚོགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་མ་དངུལ་བཏང་བའི་གཉེར་སྐྱོང་ཀུང་སིས་ཡུལ་སྐོར་ལས་དོན་ཁང་8དང་གན་རྒྱ་བཞག་ནས་ལོ་དེར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། དཀའ་ངལ་ཡོད་པའི་ཁོངས་མི་མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་10168བྱུང་ཡོད།

    ལོ་གསུམ་གྱི་བོད་སྐྱོར་མཇུག་འགྲིལ་ལ་ཉེ་བའི་ཀྲའོ་ཅིན་ཞང་གིས“བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད། 2018ལོའི་ཟླ་9ཚེས་28ཉིན་སྙེ་མོ་རྫོང་བདེ་བླག་ངང་དབུལ་ཞྭ་ཕུད་ཡོད། དབུལ་སྒྲོལ་ཐུབ་ན་འབྱོར་འབྲིང་དུ་སླེབས་པ་མཚོན་མི་ཐུབ་པས་ང་ཚོས་ད་དུང་ལས་དོན་མང་པོ་ཞིག་སྒྲུབ་དགོས། བོད་སྐྱོར་བློ་མཐུན་ཚོས་གཅིག་རྗེས་གཉིས་མཐུད་ཀྱི་སྙེ་མོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ཏེ་རྒྱལ་ཡོངས་དང་ལྷན་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དགོས”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།