[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞིས་རྩེས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་མི་ཁྲི་3.5བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་མི་ཁྲི་3.5བྱས་པར་ཡོང་འབབ་སྒོར་དུང་ཕྱུར་1.65བྱུང་ནས་ངལ་ནུས་ཕྱིར་གཏོང་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་རིམ་ཁག་སྲིད་གཞུང་དང་། ཨར་སྐྲུན་ཚན་པ། ངལ་ནུས་མངགས་གཏོང་ཀུང་སི། ངལ་ནུས་མཉམ་ལས་ཁང་། གྲོང་ཚོ་ཨུ་ལྷན་གྱི་ངལ་ནུས་བར་གཉེར་བ། ངལ་རྩོལ་པ་བཅས“ཕྱོགས་དྲུག་གཞི་གཅིག”གི་ལས་ཞུགས་གཞན་སྒྱུར་བྱེད་སྟངས་ཧུར་ཐག་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྔ་རྗེས་སུ་ངལ་ནུས་མངགས་གཏོང་ཀུང་སི་28བཙུགས་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ངལ་ནུས་བར་གཉེར་བ་1547སྐྱེད་སྲིང་བྱས་པ། ངལ་ནུས་མཉམ་ལས་ཁང་134བཙུགས་པ་རེད།

    ལས་གནས་འཚོལ་བསྡུའི་ལས་དོན་ཧུར་ཐག་སྤེལ་ནས་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན་ལས་མི་9300ལྷག་ཙམ་བསྡུས་པ་དང་། མི་སྤྱོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ། ངལ་ནུས་ཀྱི་ལས་མི་བསྡུ་བའི་ཚོགས་འདུ་ཐེངས་6(དེའི་ནང་གྲོང་ཁུལ་དུ་ཐེངས་4དང་རྫོང་དང་ཆུས་སུ་ཐེངས་2འཚོགས་པ)འཚོགས་ནས་ལས་གནས་ཁག་1185མཁོ་འདོན་བྱས་པ་དང་ལས་མི་བསྡུ་སར་ལས་ཞུགས་ཀྱི་འདོད་མཐུན་ཡི་གེར་མིང་རྟགས་འགོད་མཁན་729བྱུང་ཡོད། དེ་དང་དུས་མཚུངས། གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་བྱེད་དཀའ་བ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་270ལ་འཚམས་འདྲི་བྱས་པ་དང་། ལས་ཞུགས་བྱེད་དཀའ་བའི་མི་288ཐོ་བཀོད་པ། ལས་ཞུགས་བྱེད་དཀའ་བའི་མི་126ལས་ཞུགས་བྱས་པ། ལས་ཞུགས་བྱེད་དཀའ་བའི་མི་213ལ་ལས་ཞུགས་ཀྱི་ཁ་གསབ་སྤྲད་པ། ལས་ཞུགས་བྱེད་དཀའ་བའི་དབང་པོ་སྐྱོན་ཅན་288ལ་ལས་ཞུགས་ཀྱི་མཛུབ་ཁྲིད་བྱས་ཡོད། སྤྱི་པའི་རང་བཞིན་གྱི་ལས་གནས་ཀྱི་ལས་ཞུགས་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་མི་37སྤྱི་པའི་རང་བཞིན་གྱི་ལས་གནས་ཐོག་བཀོད་སྒྲིག་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།