[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བར་སྐོར་སྡེ་ཁུལ་གྱིས་གྲོང་མིའི་སྒོ་རའི་ནང་དུ་སྨན་སྒམ་བསྒར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱིས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཆ་ཤས་ཏེ། གྲོང་མིའི་སྒོ་རའི་ནང་དུ“འཕྲལ་སྡོམ་སྨན་སྒམ”སྒྲིག་སྦྱོར་བྱེད་པའི་བྱེད་སྒོ་སྤེལ་བ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ས་ཆ་དངོས་སུ་ཤེས་རྟོཌ་བྱེད་པར་ཐེངས་མང་བསྐྱོད་རྗེས། སྡེ་ཁུལ་གྱི་སྤྱི་ཕན“ཏང་ཡོན་གྱི་དངུལ་མཛོད་ཆུང་ཆུང”ནས་མ་དངུལ་བཏོན་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཅུང་མང་བའི་སྒོ་ར་6ལ་ཚོད་ལྟ་བྱས་ཏེ། “འཕྲལ་སྡོམ་སྨན་སྒམ”སྒྲིག་སྦྱོར་བྱས་ཡོད། སྒམ་དེའི་ནང་འཕྲལ་སྡོམ་སྨན་རྫས་རིགས་12ཡོད་པ་དང་སྡེ་ཁུལ་ཁོངས་གཏོགས་ཀྱི་སྒོ་རའི་ཙུའུ་ཀྲང་གིས་ཞིབ་བཤེར་དོ་དམ་དང་དུས་ཐོག་ཏུ་སྨན་རྫས་བརྗེ་པོ་རྒྱག་གི་ཡོད།

    སྡེ་ཁུལ་གྱི་མང་ཚོགས་དབུལ་པོ་ཡོངས་ལ་རོགས་རམ་འཐོབ་ཆེད། སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“འཕྲལ་སྡོམ་སྨན་སྒམ”སྒོ་ར་ཡོངས་སུ་ཁྱབ་པར་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་མིར་གནས་ཚུལ་ཛ་དྲག་ཕྲད་པ་དང་རྒྱུན་མཐོང་གི་ནད་གཞིའམ་ཡང་ན་རྨས་སྐྱོན་ཆུང་ངུ་ཕོག་སྐབས་འཕྲལ་མར་སྨན་བཅོས་ནུས་ལྡན་ཐུབ་ཐབས་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།