[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལས་ཞུགས་གཞན་སྒྱུར་གྱིས་འབབ་འཕར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    651703_yis_1565601323166.jpg

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2019ལོའི་དབྱར་དུས་ཀྱི་གནད་སྨིན་དབུལ་སྐྱོར་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་གཞན་སྒྱུར་བྱས་ཏེ་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་བྱེད་སྒོར་ཁེ་ལས་142ཀྱིས་ལས་གནས་2649མཁོ་འདོན་བྱས་པའི་ནང་། བདེ་སྲུང་དང་། གཙང་སྦྲ་འཕྲོད་བསྟེན། ཟ་ཁང་གི་ལས་མི། མགྲོན་ཁང་གི་ཞབས་ཞུ་བ་སོགས་ཞིང་འབྲོག་ཁུལ་གྱི་ངལ་ནུས་དང་འཚམ་པའི་ལས་གནས་1314མཁོ་འདོན་བྱས་པར། ལས་ཀ་འཚོལ་མཁན་མི་ཐེངས་5000ལས་བརྒལ་ཞིང་། ལས་འཚོལ་ལོ་རྒྱུས་མདོར་བསྡུས་909འབྱོར་བའི་ནང་ཞིང་འབྲོལ་ཁུལ་གྱི་ངལ་ནུས་ལོ་རྒྱུས་མདོར་བསྡུས་315ཡོད་ཅིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།