[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་རྩེ་རྫོང་གི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱིས་དམངས་ལ་སྟབས་བདེ་བསྐྲུན་པ་དང་དམངས་ལ་ཕན་པ་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-18

    ཉེ་བའི་ལོ་ཤས་ནང་། ལྷ་རྩེ་རྫོང་གིས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྲུན་དེ་ཞིང་འབྲོག་ཁུལ་ཏང་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཆབ་སྲིད་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས“འཛུགས་སྐྲུན་དང་། དོ་དམ། བཀོལ་སྤྱོད”བཅས་ཀྱི་ལྷུ་ཚིགས་གསུམ་ལ་དམ་འཛིན་བྱས་པ་དང་ནུས་ཤུགས་ཡོད་རྒུས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་ཆེད། རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ནུས་ཤུགས་ཡོད་རྒུས“འཛུགས་སྐྲུན”བྱས་ཏེ་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི“མཁར་རྫོང་བརྟན་པོ”ཞིག་བསྐྲུན་པ། ལྷ་རྩེ་རྫོང་ཨུད་རྩ་འཛུགས་པུའུ་སོགས་སྡེ་ཚན་གྱིས་སྔ་རྗེས་སུ་རྫོང་དེ་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ད་ལྟའི་གནས་བབ་ལ་མཐིལ་རྟོགས་བརྟག་དཔྱད་བྱས་ཏེ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་རྙིང་པ་དང་།  རྒྱ་ཆུང་བ། བྱེད་ནུས་ཁང་འཐུས་ཚང་མེད་པ་སོགས་ཀྱི་སྲིད་འཛིན་གྲོང་ཚོ་60གསར་སྐྲུན་བྱེད་ཁོངས་སུ་བཅུག་ཡོད། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཐབ་ས་འཛུགས་སྐྲུན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་དང་འབྲེལ“རྣམ་གྲངས་བསྡུ་སྒྲིལ་དང་། ནོར་སྲིད་ཀྱིས་ཁ་གསབ། ཏང་གྲོན་ནས་འགྲོ་སོང་གཏོང་བ། ཤང་དང་གྲོང་ཚོས་རང་གྲབས”སོགས་ཀྱི་བྱེད་ཐབས་ཧུར་ཐག་སྤྱད་པས་མ་དངུལ་སྣ་ཚོགས་སྒོར་ཁྲི་1390ལྷག་ཙམ་སྤྱི་འདོམས་བསྡུ་སྒྲིལ་ཐུབ་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་7གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ་བྱེད་སྒོ་སྤེལ་ཡུལ་དེ་དག་གཞུང་དོན་སྒྲུབ་ས་དང་། གྲོས་བསྡུར་བྱེད་ས། དམངས་ཕན་ཞབས་ཞུ་གཉེར་ས། རིག་གནས་རོལ་རྩེད་སྤེལ་ས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་གཡུལ་སར་དངོས་འབྲེལ་བསྐྲུན་པ་རེད།

    “དོ་དམ”ལ་སྣང་ཆེན་བྱས་ཏེ་གཡུལ་སའི་ནུས་པ་འདོན་པའི“ལས་སྟེགས”བརྟན་པོ་ཞིག་བསྐྲུན་པ། ལྷ་རྩེ་རྫོང་གིས“གཞུང་དོན་སྒྲུབ་ས་ཆུང་བ་དང་། བྱེད་སྒོ་སྤེལ་ཡུལ་ཆེ་བ། ཞབས་ཞུ་ལེགས་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་རྫོང་དེ་ཡོངས་ཀྱི་གསར་སྐྲུན(རྒྱས་སྐྲུན)བྱས་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་7གྱི་གཞུང་དོན་སྒྲིག་ཆས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ནུས་པ་ཚང་བ་དང་སྒྲིག་ཆས་འཐུས་ཚང་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

    ནུས་ཆེའི“བཀོལ་སྤྱོད”བྱས་ནས་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོར་སྟབས་བདེ་བསྐྲུན་པའི“དྲོ་སྐྱིད་ལྡན་པའི་ཁྱིམ་ཚང”བསྐྲུན་པ། “གཡུལ་ས་བརྒྱད”གཏོད་པའི་བླང་བྱར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཏང་ཡོན་གྱི་བྱེད་སྒོ་ཁང་དང་། ཞིང་པའི་དཔེ་དེབ་ཁང་། རིག་རྩལ་བྱེད་སྒོ་ཁང་སོགས་དགོས་ངེས་ཀྱི་བྱེད་ནུས་ཁང་པ་བཀོད་སྒྲིག་གིས་དུས་བཀག་ནང་གྲོང་ཚོའི་ལས་བྱེད་པ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཏང་ནང་ཁུལ་གྱི་སྒྲིག་ལམ་དོན་འཁྱོལ་ནན་པོ་བྱ་རྒྱུར་སྒྲིག་འཛུགས་བྱས་ནས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དེ་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་གཡུལ་ས་གཙོ་བོར་གྱུར་བ་བྱས་ཡོད། ལྷ་རྩེ་རྫོང་གིས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་སྤེལ་རེས་བགྲོ་གླེང་སྒྲིག་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་ཞིང་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་ཕྱུག་འགྱུར་ཆ་འཕྲིན་སོགས་ཀྱི་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་པའི་ཏང་ཡོན་དང་མང་ཚོགས་ཀྱིས་ཚན་རྩལ་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་ནུས་པ་དང་འཇོན་ཐང་སྔར་བས་འཕེལ་བར་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་རིམ་པའི་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ནས་གྲོང་སྡོད་ཞབས་ཞུ་དང་། སྡོད་བྱ། དམངས་དོན་སྒྲུབ་གཉེར་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་འབྲེལ་བསལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།