[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉེ་ཆར་རྒྱ་མཚོ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་94ཁང་པ་གསར་པར་སྤོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

     ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་འབྱོར་འབྲིང་བདེ་སྡོད་ཚོད་ལྟའི་ལས་གྲྭ་དེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གཞན་སྒྱུར་དང་། གྲོང་ཁྱེར་གྱི་ཁྱད་ཆོས་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་ལས་གྲྭ་གལ་ཆེན་གྱི་གྲས་ཤིག་ལ་བརྩིས་ནས། མིག་སྔར་རྣམ་གྲངས(དུས་ཐེངས་དང་པོ)ཀྱི་ལས་གྲྭ་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ནས། ཉེ་ཆར་རྒྱ་མཚོ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་94ཁང་པ་གསར་པར་སྤོས་པ་རེད།

    འབྲེལ་ཡོད་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་མི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། རྒྱ་མཚོ་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་འབྱོར་འབྲིང་བདེ་སྡོད་ཚོད་ལྟའི་ལས་གྲྭ་2017ལོའི་ཟླ་4པར་དངོས་སུ་སྐྲུན་འགོ་ཚུགས་ཤིང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭ་ཧྲིལ་པོ་དུས་མཚམས་3ལ་དབྱེ་བ་དང་། སྒྱུར་བཀོད་ལས་གྲྭས་སྔོན་སླ་རྗེས་དཀའ་དང་རིམ་པ་བཞིན་ལག་བསྟར་གྱི་རྩ་དོན་ལ་དམ་པོར་གཞིགས་ནས་ཨར་སྐྲུན་བྱས་ཡོད། མིག་སྔར་ལས་མཇུག་འགྲིལ་ལ་ཉེ་བའི་ས་ཆ་དང་པོའི་རྣམ་གྲངས་དང་འབྲེལ་བའི་ཁོངས་གཏོགས་ཁུལ་གྱི་དུད་ཚང་97ཚུད་པ་དེས་ས་བཟུང་རྒྱ་ཁྱོན་མུའུ་28.09ཟིན་པ་དང་། ཁྱོན་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་27801.59ཟིན་གྱི་ཡོད། ཉེ་བའི་ལོ་3རིང་ཨར་སྐྲུན་བྱས་པ་བརྒྱུད། སྡེ་ཁུལ་གྱི་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།