[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀྲི་པུའུ་ཧྲུའུ་ཅི་པ་སངས་ཚེ་རིང་གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བའི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    པ་སངས་ཚེ་རིང་ནི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཟར་ཞོལ་ཤང་གཟར་ཞོལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེད། ཁོང་གི་ཕུགས་འདུན་ཆེ་ཤོས་ནི་གྲོང་ཚོའི་མང་ཚོགས་ཚོ་ཁོང་དང་མཉམ་དུ་ཕྱུག་པོ་ཆགས་པ་བྱེད་རྒྱུ་དེ་ཡིན། ཉིན་ཤས་གོང་། ཁོང་གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ལ་ཡོང་འབབ་ཡག་པོ་ཡོད་པ་གོ་ཐོས་བྱུང་བས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་རྒྱུའི་བསམ་ཚུལ་གྲོང་ཚོའི་ནང་བཤད་པར། བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་མི་མང་ཆེ་བས་མོས་མཐུན་བྱས་མེད།

    འོན་ཀྱང་། ཁོང་གིས་གྲོང་ཚོ་ས་བབ་མཐོ་ནའང་། ཇོ་མོ་གླང་མའི་འདབས་རོལ་དུ་ཆགས་པའི་ས་བབ་ཀྱི་ལེགས་ཆ་ལྡན་ཁར། རྫོང་གྲོང་དང་བར་ཐག་རིང་པོ་མེད་ལ་ཡུལ་སྐོར་བ་མང་བས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ན་ཚོང་ཡག་པོ་ཡོད་ངེས་རེད་སྙམ། འགལ་རྐྱེན་དུ་མ་ལས་སྒྲོལ་ཞིང་། བསམ་བློ་ཞིབ་མོ་བཏང་བ་བརྒྱུད། པ་སངས་ཚེ་རིང་གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ངེས་པར་དུ་གཉེར་རྒྱུའི་ཐག་བཅད།

    གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་དང་མཐུན་སྦྱོར་འོག ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ལས་གཉེར་ལག་ཁྱེར་མགྱོགས་པོ་གཉེར་ཐུབ་པ་བྱུང་། གོམ་སྟབས་རྗེས་མའི་ལས་ཀ་ནི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ལ་མཛེས་རྒྱན་སྤྲོས་རྒྱུ་དེ་རེད། མ་དངུལ་ཁ་ཐང་བས་པ་སངས་ཚེ་རིང་གི་ཐོག་མའི་འཆར་གཞི་ནི་ས་གནས་དེ་གའི་མཛེས་རྒྱན་སྤྲོས་མཁན་བཙལ་ནས་མཛེས་རྒྱན་སྤྲོས་རྒྱུ་བྱས། མཛེས་རྒྱན་སྤྲོས་མཚམས་ཕྱེད་ཀ་ཙམ་ལ་སླེབས་དུས་པ་སངས་ཚེ་རིང་ལ་སེམས་ཁྲལ་ཞིག་བྱུང་བ་ནི། གྲོང་ཚོའི་མཛེས་རྒྱན་སྤྲོས་མཁན་ཚོ་རྣམ་ཀུན་གྱི་སྡོད་ཁང་ལ་མཛེས་རྒྱན་སྤྲོས་པའི་ལག་རྩལ་འདང་ཙམ་ཡོད་ནའང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་ལ་མཛེས་རྒྱན་སྤྲོས་པའི་ལག་རྩལ་ཆེད་ལས་མིན་པས་བསྡུར་ཐབས་མེད། དེ་ལྟར་པ་སངས་ཚེ་རིང་དཀའ་ཚེགས་ཀྱི་གནས་སུ་གྱར་ཞིང་། ཆེད་ལས་ཀྱི་མཛེས་རྒྱན་སྤྲོས་མཁན་ཡང་བསྐྱར་བཙལ་ན་འགྲོ་སོང་ཆེ་བ་དང་། གལ་ཏེ་མཛེས་རྒྱན་སྟབས་བདེ་ཞིག་སྤྲས་ན་ཉམས་དོད་པོ་མེད།

    བསམ་བློ་གང་ཙམ་བཏང་རྗེས། པ་སངས་ཚེ་རིང་གིས་དངུལ་བུན་གཡར་ནས་མཛེས་རྒྱན་ཀུང་སི་བརྗེ་རྒྱུའི་ཐག་བཅད། དངུལ་བུན་རག་རྗེས། པ་སངས་ཚེ་རིང་གིས་དེ་སྔའི་མཛེས་རྒྱན་སྤྲོས་མཁན་བརྗེས་ནས་གྲོང་ཁྱེར་ནས་ཆེད་ལས་ཀྱི་མཛེས་རྒྱན་སྤྲོས་མཁན་གདན་དྲངས་ཏེ། བོད་རྒྱ་གཉིས་ཀའི་ཁྱད་ཆོས་ལྡན་པའི་མཛེས་རྒྱན་སྤྲོས་རྒྱུའི་གྲོས་མཐུན་བཞག

    མཛེས་རྒྱན་ཉམས་སྣང་དོད་པོ་ཆགས་པ་མཐོང་སྐབས་པ་སངས་ཚེ་རིང་དགའ་ཚོར་ཆེན་པོ་བྱུང་།

    མ་དངུལ་ཡོད་པ་དང་མཛེས་རྒྱན་ཡང་རེ་བ་དང་འཚམ་པས་གོམ་སྟབས་རྗེས་མ་ནི་ཚོང་གཉེར་རེད། དོ་དམ་ཐད་ཀྱི་ཤེས་ལྡན་པ་མེད་པས་པ་སངས་ཚེ་རིང་སླར་ཡང་དཀའ་ཚེགས་ཀྱི་གནས་སུ་གྱར།

    པ་སངས་ཚེ་རིང་གིས་གྲོགས་པོ་ཚང་མར་ཁ་པར་བརྒྱབ་ནས། དེའི་ཐད་ཀྱི་ཤེས་ལྡན་པ་ངོ་ཤེས་ཀྱི་ཡོད་མེད་སྐད་ཆ་དྲིས་ཀྱང་ངོ་ཤེས་མཁན་མེད་པས་བློ་ཕམ་ཆེན་པོ་བྱུང་། སྐབས་དེར། ཤང་སྲིད་གཞུང་ནས་གྲོང་ཚོའི་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མའི་ཆ་འཕྲིན་བསྡུ་དགོས་པའི་ཁ་པར་ཞིག་འབྱོར། མཚམས་དེར་པ་སངས་ཚེ་རིང་གིས་གྲོང་ཚོའི་ནང་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་གཉིས་པོ་བསམ་བློ་མ་འཁོར་བ་ཅི་ཡིན་སྙམ།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། སློབ་ཆེན་སློབ་མ་དེ་གཉིས་རིག་གནས་ལྡན་པ་དང་། གློག་ཀླད་ཤེས་པ་མ་ཟད། གྲུང་ཤ་དོད་པ་དང་། ཧུར་སེམས་ཆེ་བས། པ་སངས་ཚེ་རིང་གིས་ཁོང་གཉིས་དོ་དམ་ལ་ཧ་ཅང་འཚམ་པོ་ཡོད་པ་ཤེས་ནས་ལམ་སེང་ལས་ཀར་བསྡུས།

    “ཞིང་ཁྱིམ་སྤྲོ་སྐྱིད་ཁང་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས” ཚོང་གི་སྒོ་མོ་ཕྱེ་བའི་ཉིན་དེར་པ་སངས་ཚེ་རིང་ཤིན་ཏུ་དགའ་པོ་བྱུང་ཞིང་། ཁོང་གིས“ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ཚོང་ཡག་པོ་བྱུང་རྗེས་དུད་ཚང་དབུལ་པོ་གང་མང་ལས་ཀར་བསྡུ་ཐུབ་པ་བྱ་རྒྱུའི”ཆོད་སེམས་བརྟན་པོ་བཞག

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།