[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤོ་བོ་རྫོང་གིས་དབང་པོ་སྐྱོན་ཅན་གྱི་མཉམ་སྤྲོའི་འདུ་ཚོགས་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཉེ་ཆར། སྤོ་བོ་རྫོང་ཁྲབ་རྨོག་སྡེ་ཁུལ་དང་སྤོ་བོ་རྫོང་དབང་སྐྱོན་ལྷན་ཚོགས་ཀྱིས་མཉམ་དུ་དབང་པོ་སྐྱོན་ཅན་གྱི་མཉམ་སྤྲོའི་འདུ་ཚོགས་དང་། “རིག་གནས་སྡེ་ཁུལ་དུ་སྤེལ་བའི”བྱེད་སྒོ་སྤེལ་བ་རེད། སྤོ་བོ་རྫོང་ཁྲབ་རྨོག་སྡེ་ཁུལ་གྱི་སྒོ་རའི་ནང་། རྒན་རྒོན་དང་བྱིས་པ་མཉམ་དུ་འཛོམས་ནས་འཁྲུག་ཆ་དོད་པའི་གླུ་གར་འཁྲབ་སྟོན་བལྟས་པ་དང་ཆབས་ཅིག བྲོ་བཅུད་ལྡན་པའི་ཞིམ་ཟས་ལ་རོལ་བ་རེད།

    འཁྲབ་སྟོན་མཇུག་འགྲིལ་རྗེས། སྤོ་བོ་རྫོང་གི་དབང་སྐྱོན་ལྷན་ཚོགས་དང་ཁྲབ་རྨོག་སྡེ་ཁུལ་གྱིས་ད་དུང་རྒན་རྒན་ཚོར་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།

    སྤོ་བོ་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཚེ་བརྟན་སྒྲོལ་མས“དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་བཀུར། ཐུགས་ཁུར། རོགས་རམ་བཅས་བྱེད་རྒྱུ་ནི་ང་ཚོ་ཚང་མའི་འགན་འཁྲི་ཡིན་པས། ང་ཚོས་རངཉིད་ཀྱི་བརྩེ་སེམས་དྲོན་མོར་བརྟེན་ནས་དབང་པོ་སྐྱོན་ཅན་ལ་རེ་བ་སྦྱིན་དགོས་ལ། ང་ཚོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་དགོས”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།