[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོའི་འཆར་གཞི་གསར་པ་ཧུར་ཐག་བཀོད།

    —— ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    2015ལོའི་ཟླ་7པར། ལྷ་ས་གྲོང་ཁྱེར་འདི་ཉིད་ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གཏོད་པའི་གྲོང་ཁྱེར་དུ་གཏན་འཁེལ་བྱས་པ་ནས་བཟུང་། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིག་གནས་སྡེ་ཚན་དང་རིགས་གཅིག་མཁས་ཅན་གྱིས་ཁྲིད་སྟོན་ཞིབ་ཚགས་འོག ལྷ་ས་གྲོང་ཁྱེར་གྱིས་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཏོད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། བོད་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་འཛུགས་རྒྱུ་གཞི་རྟེན་དུ་བྱེད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་པའི་ནོར་སྲིད་ཀྱིས་འདེགས་སྐྱོར། སྤྱི་ཕན་རང་བཞིན་གྱི་རིག་གནས་ཚན་པས་རྐང་འཛིན་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་མ་བཏང་བ་རེད།

    གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཨུད་དང་སྲིད་གཞུང་ཁག་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཤིང་། མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས“གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས་དང་། དྲ་རྒྱ་འཐུས་ཚང་། སྟབས་བདེ་ཕན་ཆེ། ཁྱད་ཆོས་མངོན་གསལ་དོད་པ། དམངས་ཡོངས་ལ་ཕན་པ”བཅས་ཀྱི་གཏོད་འཛུགས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག་རིག་གནས་ཀྱི་མཉེན་ཆས་དང་མཁྲེགས་ཆས་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་མ་ཟད། གཞི་རིམ་གྱི་སྤྱི་པའི་རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་བཏང་བ་རེད།

    གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་3རིང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་སྒོ་ནས་བཏོད་པ་རེད། 2019ལོའི་ཟླ་2ཚེས་18ཉིན། རིག་གནས་དང་ཡུལ་སྐོར་པུའུ་དང་ནོར་སྲིད་པུས་མཉམ་དུ་ཡིག་ཆ་བཀྲམ་ནས་ལྷ་ས་གྲོང་ཁྱེར་ལ“ཁག་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ”གྱི་མཚན་སྙན་དངོས་སུ་སྤྲད་པ་རེད།

    མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་རིམ་པ་ཁག་གི་རིག་གནས་ཁང(ས་ཚིགས)75དང་རྟེན་རྫས་བཤམས་མཛོད་ཁང་6བསྐྲུན་པ་དང་། ཞིང(འབྲོག)ཁྱིམ་དཔེ་དེབ་ཁང་228དང་། སྡེ་ཁུལ་གྱི་དཔེ་དེབ་ཁང་52 དགོན་སྡེའི་དཔེ་དེབ་ཁང་231བཅས་བསྐྲུན་ནས་ཁྱབ་ཚད་100%ཟིན་པ་རེད། རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”དང་། “དུད་ཚང་ཀུན་ཁྱབ” “ཉལ་ཁང་ཀུན་ཁྱབ”བཅས་བྱུང་ནས་རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་98.41%དང་98.93%སོ་སོར་ཟིན་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚད་ལྡན་ཅན་གྱི་བྱེད་སྒོ་ཁང་269བསྐྲུན་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་རྒྱ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་ཡོད།

    གྲངས་འཛིན་དཔེ་དེབ་ཁང་འཛུགས་སྐྲུན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་དྲ་ཚིགས་333ལ་ཁྱབ་ནས་ཁ་པར་དང་ipadསོགས་ཀྱི་སྒུལ་བདེའི་སྒྲིག་ཆས་བརྒྱུད་དེ་མི་སྒེར་གྱིས་དེབ་གཡོར་བ་དང་སྤྲོད་པ་སོགས་བྱེད་ཐུབ་པ་དང་། རང་ཉིད་དང་ཐག་ཉེ་བའི་དཔེ་མཛོད་ཁང་དང་དེ་བཞིན་དགོས་མཁོ་ཡོད་པའི་དཔེ་དེབ་ཡོད་སའི་དཔེ་མཛོད་ཁང་དང་དཔེ་སྒྲོམ་འཚོལ་ཐུབ་པ་མ་ཟད། ད་དུང་གློག་རྡུལ་པར་གཞིའི་དེབ་ཁྲི་གཅིག་ཙམ་རིན་མེད་ངང་ལྟ་ཐུབ་ཀྱི་ཡོད།

    དུས་མཚུངས་སུ་ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཁྱད་ལྡན་གྱི་སྤྱི་པའི་རིག་གནས་ཀྱི་ཉམས་མྱོང་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། སྤྱི་པའི་རིག་གནས་ཞབས་ཞུ་དགོན་སྡེར་ཁྱབ་གདལ་ལ་སྐུལ་འདེད་གཏོང་ཆེད། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་སྔར་བས་དོན་འཁྱོལ་བྱས་ཏེ་དཔེ་དེབ་དང་གློག་བརྙན་དགོན་སྡེར་ཁྱབ་གདལ་གྱི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད། མིག་སྔར་དགོན་སྡེའི་དཔེ་དེབ་ཁང་231བསྐྲུན་ནས“དགོན་སྡེ་ཚང་མར་དགོན་སྡེའི་དཔེ་དེབ་ཁང་ཡོད་པ”མངོན་འགྱུར་ཐུབ་པ་དང་། དཔེ་དེབ་ཁྲི་224ཙམ་གཤམ་སྤྲོད་བྱས་ཡོད་པ་རེད།

    674147_yis_1572238237710_s.jpg

    འདི་ནི་ད་ཆ་བརྙན་འཕྲིན་དང་སྤྱི་གླིང་སོགས་གང་ས་ནས་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མ་ཟད། སྒོ་ཁའི་སྤྱི་པའི་རིག་གནས་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

    674145_yis_1572238236665_s.jpg

    འདི་ནི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་ཆེད་ལྷ་ས་གྲོང་ཁྱེར་གྱིས་ལྷ་མོ་འཁྲབ་སྟོན་གྱི་ནམ་དུས་ཆེད་མངགས་སྒྲིག་འཛུགས་བྱས་པ།

    674146_yis_1572238237211_s.jpg

    འདི་ནི་དེ་སྔ་དུས་སྟོན་ཆེ་གྲས་སྐབས་ལས་མཐོང་དཀའ་བའི་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་ད་ཆ་རྫོང་རྒྱབ་ཀླུ་ཁང་གི་སྤྱི་གླིང་དུ་རྟག་ཏུ་འཁྲབ་པ།

    674148_yis_1572238238241_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཤང་གྲོང་ཁག་གིས“ཞིང་དལ་གྱི་བྱེད་སྒོ་ཁག་བཅུ”ཧུར་ཐག་སྤེལ་བས་མི་སེར་གྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

    674150_yis_1572238239270_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་རྒན་རྒོན་སྒྱུ་རྩལ་ཚོགས་པས་སྐོར་སྐྱོད་འཁྲབ་སྟོན་བྱེད་པ།

    674153_yis_1572238244824_s.jpg

    འདི་ནི་ཞོལ་ལྷ་མོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྷ་མོ《འགྲོ་བ་བཟང་མོ》འཁྲབ་བཞིན་པ།

    674149_yis_1572238238787_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་རིག་གནས་བྱེད་སྒོའི་ལྟེ་གནས་སུ་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཧུར་ཐག་སྤེལ་བ།

    674152_yis_1572238243482_s.jpg

    འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་རིག་གནས་ས་ཚིགས་སུ་དཔེ་དེབ་ཀློག་པ།

    674151_yis_1572238242796_s.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱིས་སྡེ་ཁུལ་ཁག་ཏུ་བཅའ་ཁྲིམས་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།