[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་ཁང་པའི་ནང་སྤོས་པ་དང་དབུལ་སྒྲོལ་གྱི་ལམ་བུའི་ཐོག་བསྐྱོད་པ།

    དིང་རི་རྫོང་གིས་བྱ་ཐབས་སྣ་མང་སྤྱད་ནས་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

     ཉེ་ལམ་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་གནས་སྤོས་དབུལ་སྐྱོར་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དོན་ཆེན་ལ་བརྩིས་ནས་དམ་འཛིན་དང་། གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་གྲོང་མིའི་འཚོ་བའི་ཆ་རྐྱེན་ཕྱོགས་བསྡུས་འགན་ལེན་བྱས་ཏེ་གནས་སྤོས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇཌ་ཚོར་སེམས་བཅས་ཆེ་རུ་ཤུཌ་ཆེན་བཏང་བ་རེད།

    གནས་སྤོས་བྱ་ཡུལ་གནད་སྨིན་དབྱེ་འབྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། དིང་རི་རྫོང་གིས་གནས་སྤོས་དུད་ཚང་ལ་ངེས་པར་དུ་དེ་མཚུངས་ཀྱི་གཏན་འཁེལ་བྱས་པའི་ཚད་གཞི་ལོངས་དགོས་པའི་རེ་བ་བཏོན་ནས་གནས་སྤོས་བྱ་ཡུལ་དབྱེ་འབྱེད་སྐབས་གཞུང་དྲང་། དྲང་སྙོམས། དངོས་ཡོད། བདེན་པ་བཅས་ཡོང་བར་བྱས་པ་རེད། གནས་སྤོས་ས་ཁོངས་གནད་སྨིན་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དེ་གའི་ཤང་དང་གྲོང་རྡལ་དུ་གནས་སྤོས་དང་། ཤང་དང་གྲོང་རྡལ་སྒྲོལ་ནས་གནས་སྤོས། རྫོང་ཁོངས་སྒྲོལ་ནས་གནས་སྤོས་བཅས་ཀྱི་བླང་བྱ་གཞིར་བཟུང་། གནས་སྤོས་ས་ཁོངས་གཏན་འཁེལ་བྱེད་སྐབས་གནས་སྡོད་བྱེད་སའམ་ཡང་ན་རང་བྱུང་གྲོང་ཚོར་སྤྱི་ཡོངས་གནས་སྤོས་བྱ་རྒྱུ་དང་འཚམ་པ་བྱེད་དགོས་པའི་རེ་བ་ནན་པོ་བཏོན་ཡོད། བཀོད་སྒྲིག་བྱེད་སྟངས་གནད་སྨིན་གདམ་ག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འདོད་བློ་དང་གནས་སྤོས་ཀྱི་རེ་ཞུར་བརྩི་འཇོག་གང་ལེགས་བྱས་ཏེ་རྫོང་གྲོང་གིས་གཙོ་བོ་དང་གཙོ་གནད་ཤང་དང་གྲོང་རྡལ་གཉིས་ཀྱིས་ཕལ་པར་བྱེད་པའི་བཀོད་སྒྲིག་བྱེད་སྟངས་སྤྱད་ཡོད།

    མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་གནས་སྤོས་དབུལ་སྐྱོར་གྱི་ཚད་གཞི་གཞིར་བཟུང་གཏན་འཁེལ་བྱས་པའི་ཁྱབ་ཁོངས་སུ་དིང་རི་རྫོང་གིས་ཚད་ཡོད་ཀྱི་མ་དངུལ་མཁོ་ཆེ་སར་བཏང་བ་དང་། གནས་སྤོས་དུད་ཚང་གི་ཁོངས་མིའི་གྲུབ་ཆའི་གནས་ཚུལ་ལ་གཞིགས་ནས་ཁང་པ་ཆེ་ཆུང་མི་འདྲ་བ་4དུད་ཚང་དབུལ་པོར་གདམ་ག་བྱེད་དུ་བཅུག་ཡོད།

    མང་ཚོགས་བློ་བདེ་པོས“ཡུལ་དབུལ་པོ”ནས་སྤོ་རུ་བཅུག་ཅིང་། དིང་རི་རྫོང་གིས་གཟིགས་སྐྱོང་སྲིད་ཇུས་སྡེབ་གཅིག་ལ་སྤྱད་དེ་གནས་སྤོས་དུད་ཚང་རྣམས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བར་བྱས་ཡོད། གནས་སྤོས་མང་ཚོཌ་ཀྱི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ཅིང་། གནས་སྤོས་དུད་ཚང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོར་སྒྱུར་ཆོག་ལ། དེ་སྔའི་ཐེམ་ཐོ་རང་སོར་བཞག་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་སྡོད་ལག་ཁྱེར་གཉེར་ཆོག་གི་ཡོད། གནས་སྤོས་བུ་ཕྲུག་གིས་རྫོང་གྲོང་གི་གྲོང་མིའི་བུ་ཕྲུག་དང་འདྲ་བར་ཉེ་འགྲམ་དུ་སློབ་ཞུཌ་བྱེད་པའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག དིང་རི་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་19བཏང་སྟེ་ཐོན་ལས་རྣམ་གྲངས་ཆེ་གྲས་ལྔ་བསྐྲུན་ནས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་ཏེ་ཉེ་འཁོར་གྱི་གནས་སྤོས་དུད་ཚང་ལས་ཞུཌ་ཐུབ་པར་སྐུལ་ཁྲིད་བྱ་རྩིས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།