[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ཡིག་ཚཌ་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཚང་མར“བདེ་འཇགས་ལྡན་པའི་ཆུ”འཐུང་རྒྱུ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-04

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་དེ་བྱིངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་3.23གྱི་འཐུང་ཆུའི་གནད་དོན་ཚང་མ་ཐག་གཅོད་ཐུབ་ནས་ཞིང་འབྲོག་ཁུལ་དུ་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་སྐྲུན་ཆེད་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།

    ལྗོངས་ཡོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་ཐད་2019ལོར་མ་དངུལ་གཏོང་མང་ཤོས་ཡིན་ཞིང་། རང་ལྗོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་དང་། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་འཛུགས་སྐྲུན་མ་དངུལ། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་མ་དངུལ། བོད་སྐྱོར་མ་དངུལ་སོགས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་ལ་བཏང་བ་རེད། མིག་སྔའི་བར། ཀྲུང་དབྱང་གི་ཁ་གསབ་སྒོར་དུང་ཕྱུར་5.32དང་ཐབས་ལམ་གཞན་དག་གི་མ་དངུལ་སྒོར་དུང་ཕྱུར་14.37དོན་འཁྱོལ་བྱས་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་ལས་གྲྭའི་གྲང་འགོག་དྲོད་སྲུང་གི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། 2019ལོར་ལྗོངས་ཡོངས་ཀྱིས་ཁྱོན་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྒྲིག་བཀོད་རྒྱུན་གཏན་ཉམས་བཟོ་བདག་སྐྱོང་བྱེད་པར་མ་དངུལ་སྒོར་ཁྲི་5169བཏང་བ་དང་ཉམས་བཟོ་བདག་སྐྱོང་ལས་གྲྭའི་ས་ཚིགས་2691བཙུགས་པས་མི་འབོར་ཁྲི་49ལ་ཕན་པ་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།