[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བསམ་གྲུབ། ཕུགས་བསམ་གྱི་ནམ་མཁར་ལྡིང་བའི་ཐང་དཀར་རྒོད་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-03

    695193_yis_1577699713938_s.jpg

    འདི་ནི་བསམ་གྲུབ་ཀྱིས་ཞིང་ཐའེ་གྲོང་ཁྱེར་དུ་སྤྱི་ཕན་བྱེད་སྒོ་སྤེལ་བཞིན་པ།

    695190_yis_1577699712518_s.jpg

    འདི་ནི་ཞིང་ཐའེ་གྲོང་ཁྱེར་ཞིང་ལས་སློབ་གྲྭའི་སློབ་སྤྱི་ལིན་པོ(སྟར་པ་གསུམ་པའི་གཡོན་གྱི་བཞི་པ)“བསམ་གྲུབ་སྤྱི་ཕན་ཚོགས་པ”བཙུགས་པའི་མཛད་སྒོར་ཞུགས་པ།

    695191_yis_1577699713002_s.jpg

    འདི་ནི་བོད་ཀྱི་འབག་ཐོན་རྫས་སྤུས་རྟགས་ཀྱི་ལག་ཤེས་ཐོན་རྫས་ཡིན་པ།

    695194_yis_1577699714562_s.jpg

    འདི་ནི་བསམ་གྲུབ(གཡོན་གྱི་དང་པོ)ལྷ་ས་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་ནང་ཞུགས་ནས་བྱ་དགའ་ཐོབ་པ།

    695198_yis_1577699717074_s.jpg

    འདི་ནི་བསམ་གྲུབ(གཡས་ཀྱི་དང་པོ)གཞི་རིམ་དུ་བསྐྱོད་ནས་ཞིང་འབྲོག་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

    695196_yis_1577699715919_s.jpg

    འདི་ནི་བསམ་གྲུབ(གཡོན་གྱི་དང་པོ)གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་བྱེད་བཞིན་པ།

    695192_yis_1577699713470_s.jpg

    འདི་ནི་བསམ་གྲུབ(གཡས་ཀྱི་དང་པོ)གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་ནང་ཞུགས་པ།

    695195_yis_1577699715295_s.jpg

    འདི་ནི་བསམ་གྲུབ་ཀྱི་ནང་མིས་ཁོང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བཞིན་པ།

    འདི་ལོ་ལོ་25ལ་སླེབས་པའི་བསམ་གྲུབ་ནི་ཧོ་པེ་ཁྲིམས་འཛིན་ཉེན་རྟོག་སློབ་གླིང་ནས་ཐོན་པ་དང་། ད་ལྟ་ཧོ་པེ་ཤེས་བྱའི་བདག་དབང་དང་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། ལྷ་ས་གྲོང་ཁྱེར་གཞོན་ནུའི་ལས་གཏོད་མཛུབ་ཁྲིད་པ། བོད་རང་སྐྱོང་ལྗོངས་གཞོན་ནུ་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་མི། བོད་ཀྱི་འབག་ཐོན་རྫས་སྤུས་རྟགས་ཐོན་ལས་གླིང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ། བོད་ལྗོངས་བཻཌཱུརྱ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ཁྲིམས་མི། གུང་གཞོན་སྡེ་ཚོགས་སྟག་རྩེ་ཆུས་ཨུ་ལྷན་གྱི་རྒྱུན་ཨུ་དང་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་འཁུར་གྱི་ཡོད།

    ལས་རིགས་སློབ་གྲྭར་འགྲོ་སྐབས་ཁོང་གིས“བསམ་གྲུབ་སྤྱི་ཕན་ཚོཌ་པ”བཙུགས་ནས་ད་བར་དཀའ་ངལ་ཡོད་པའི་སློབ་མ་བརྒྱ་ལྷག་ཙམ་ལ་རོཌ་རམ་བྱས་པ་རེད།

    “བསམ་གྲུབ་སྤྱི་ཕན་ཚོགས་པ”བཙུགས་རྗེས་ཀྱི་དུས་ཐུང་ལོ་ཤས་ནང་། སྤྱི་ཕན་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཞིང་ཐའེ་གྲོང་ཁྱེར་གྱི་སྡེ་ཁུལ་དང་ཤང་གྲོང་གང་སར་བསྐྱོད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་རེད།

    ལས་རིགས་སློབ་གྲྭར་འགྲོ་སྐབས་བསམ་གྲུབ་ལ་ཐོབ་པའི་གྲུབ་འབྲས་དང་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་ལ་སྲིད་གཞུང་གིས་ཁས་ལེན་ཐོབ་ནས“བོད་ལྗོངས་ཕན་འདུས་སྤྱི་ཕན་མནའ་འབྲེལ་མཐུན་ཚོགས”ཞེས་མིང་བཏགས་པ་རེད།

    སློབ་ཆེན་སྐབས་བསམ་གྲུབ་ཀྱིས་བོད་ཀྱི་འབག་ཐོན་རྫས་སྤུས་རྟགས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པའི་འགན་ཁུར་ཏེ“བསམ་བློ་དབུལ་སྐྱོར”གྱི་འདུ་ཤེས་བཅངས་ནས་ཀུང་སིའི་སྤུས་རྟགས་དེ་ཚོང་གཉེར་ལམ་ལྷོངས་ཡོར་བར་བྱས་པ་མ་ཟད། སྟག་རྩེ་ཆུས་ཀྱི་སྐབས་གཉིས་པའི་ལས་གཏོད་འགྲན་བསྡུར་ཆེ་མོའི་ནང་ཨང་དང་པོའི་གྲུབ་འབྲས་བཟང་པོ་ཐོབ་པ་རེད།

    མི་དེ་བས་མང་བར་རོགས་རམ་བྱ་ཆེད། བསམ་གྲུབ་ཀྱིས་གཅེས་སེམས་ཁེ་ལས་མང་པོ་དང་མཉམ་ལས་བྱས་ཏེ་བོད་ཀྱི་འབག་ཐོན་རྫས་ཐེབས་རྩ་བཙུགས་པ་རེད། ཐོན་ཁུངས་དང་ལས་སྟེགས་ཡོད་པས་བསམ་གྲུབ་ཀྱིས་བོད་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་ཚབ་བྱས་ཏེ་ནང་སར་ཐེངས་མང་བསྐྱོད་ནས་མཉམ་ལས་ལ་གྲོས་མོལ་བྱས་པ་མ་ཟད། གདན་ཞུས་ལྟར་པེ་ཅིང་གི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་དབུ་ཚོགས་དང་། ཧོ་པེ་བཟོ་ལས་རྒྱལ་སྤྱིའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ། དྲ་སྦྲེལ་གྲངས་གཞི་ཆེ་མོའི་ཅང་སུའུ་དབུ་ཚོགས་སྐབས་གསུམ་པ་སོགས་རྒྱལ་ཡོངས་ཀྱི་ཚོགས་དོན་བྱེད་སྒོ་ཆེ་གྲས་ནང་ཞུགས་པ་རེད།

    མིག་སྔར། བསམ་གྲུབ་ཀྱིས་བཏོད་པའི་བོད་ལྗོངས་བཻཌཱུརྱ་རིག་གནས་བརྒྱུད་སྤེལ་དང་བོད་ལྗོངས་བཻཌཱུརྱ་འཛུགས་སྐྲུན་ལས་གྲྭའི་ཀུང་སི་གཉིས་དམིགས་ཚད་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།