[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་རྨེ་རུ་སྡེ་ཁུལ་གྱིས་དཀའ་ངལ་ཡོད་པའི་བྱིས་པར་སྦ་ལན་སྟོད་ཐུང་བསླས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-03

    སྡེ་ཁུལ་གྱི་བུད་མེད་ཚོའི་འཁེལ་འཐག་ལག་ཤེས་ཀྱི་སྤྲོ་སེམས་དང་ཡིད་ཆེས་སྐུལ་སློང་དང་། བུད་མེད་ལས་མིའི་དཔལ་འབྱོར་གྱི་དཀའ་ངལ་བསལ་ཆེད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྨེ་རུ་སྡེ་ཁུལ་མཉམ་ལས་ཁང་གི་བུད་མེད་ཚོར་དཀའ་ངལ་ཡོད་པའི་བྱིས་པར་སྦ་ལན་སྟོད་ཐུང་བསླ་བའི་སྐུལ་སློང་བྱས་པ་མ་ཟད། བལ་སྐུད་རྒྱ་མ་50སྤྲད་པ་རེད། དུས་ཡུན་གང་ཙམ་འབད་བརྩོན་བྱས་པ་བརྒྱུད་མཉམ་ལས་ཁང་གི་བུད་མེད་ཚོས་ཆེ་ཆུང་མི་འདྲ་བ་དང་། བཟོ་ལྟ་གསར་པའི“གཅེས་སེམས་སྦ་ལན་སྟོད་ཐུང”27བསླས་པ་རེད། ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྦ་ལན་སྟོད་ཐུང་གཅིག་ལ་ཁ་གསབ་སྒོར་100སྤྲོད་པའི་ཚད་གཞི་ལྟར་སྦ་ལན་སྟོད་ཐུང་སླ་མཁན་གྱི་བུད་མེད་རྣམས་ལ་ཁ་གསབ་དངུལ་བསྡོམས་སྒོར་2700སྤྲད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།