[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཟོལ་མེད་བརྩེ་བ་དམངས་ལ་བཅངས། ཉེན་དམངས་ཁྱིམ་ཚང་གཅིག་ལྟར་གྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    གོམ་གང་མི་སྤོས་པར་རང་སར་བསྡད་ན་ལེ་དབར་སྟོང་གི་སར་སླེབས་ག་ལ་སྲིད། མི་དམངས་ལ་ཞབས་འདེགས་ཞུ་རྒྱུའང་དེ་ལྟར་རེད། ཉེན་རྟོག་པ་དང་མི་དམངས་དབར་འཆམ་མཐུན་ཡོང་བ་བྱ་རྒྱུ་ནི་མི་དམངས་ལ་གཅེས་སྐྱོང་བྱ་རྒྱུ་དང་མཐའ་མཚམས་སྲ་བརྟན་གཏོང་རྒྱུའི་ལས་དོན་གྱི་རྨང་གཞི་རེད་ལ། མངགས་གཏོང་ཁང་གི་རྒྱུན་གཏན་གྱི་ལས་དོན་གཙོ་བོ་ཞིག་ཀྱང་རེད། ན་ནིང་ཚུན། ཉིང་ཁྲིའི་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་ཀླུ་ཞར་མངགས་གཏོང་ཁང་གིས་དོན་དངོས་ལ་གཞི་ཚུགས་ཏེ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ནས་ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཉེན་རྟོག་པས་མི་དམངས་ལ་གཅེས་སྐྱོང་བྱེད་པ་དང་། མི་དམངས་ཀྱིས་ཉེན་རྟོག་པར་གོང་བཀུར་ཞུ་བ། ཉེན་རྟོག་པ་དང་མི་དམངས་ཁྱིམ་ཚང་གཅིག་ལྟར་གྱི་རྣམ་པ་བཟང་པོ་ཞིག་ཀྱང་ཆགས་ཡོད་པ་རེད།

    ཀླུ་ཞར་མངགས་གཏོང་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་བརྩེ་སེམས་ཉམས་ཞན་ཚོགས་སྤྱིར་བཅངས་ཤིང་། འཚམས་འདྲིའི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་རོགས་སྐྱོར་ཧུར་ཐག་བྱས་ནས་ཁོང་ཚོའི་དཀའ་ངལ་སྣ་ཚོགས་སེལ་རོགས་བྱས་ཡོད། ཐེངས་ཤིག་མངགས་གཏོང་ཁང་གི་ཉེན་རྟོག་པ་གཏམ་སྙན་ཤང་བྲེ་རླག་གྲོང་ཚོར་འཚམས་འདྲིར་སྐྱོད་སྐབས། ཁྱིམ་ཚང་གཅིག་ལ་དཀའ་ངལ་ཆེན་པོ་འཕྲད་པ་ཤེས་རྟོགས་བྱུང་བ་སྟེ། སྨི་ངོས་གྲུ་3ཡང་མ་ཟིན་པའི་ཁང་ཆུང་ཞིག་གི་ནང་ཚུན་21གི་བརྙན་འཕྲིན་གོག་ཏོ་ཞིག་བཞག་པ་དང་། ཉལ་ཁྲིའི་ཐོག་སྲིང་བལ་མི་ཉུང་བ་ཕྱིར་དོན་པའི་ཕོ་ཁེབས་ཤིག་བཏིང་བ། བྱིས་པ་གཉིས་ཉལ་ཁྲིའི་ཐོག་ཧོན་ཐོར་ནས་བསྡད་པ། ཉལ་ཁྲིའི་མདུན་དུ་དཀར་ཡོལ་ཁ་ཆག་རེ་གཉིས་བཞག་པ་སོགས་ཡ་ང་བའི་རྣམ་པ་ཞིག་མིག་ལམ་དུ་འཆར། ཉེན་རྟོག་པས་ཁྱིམ་མཚེས་ལ་སྐད་ཆ་དྲིས་པ་བརྒྱུད་བྱིས་པ་གཅིག་གི་མིང་ལ་ལྐོག་སྐྱིད་དང་གཅིག་ཤོས་ཀྱི་མིང་ལ་ཉི་མ་རྒྱལ་མཚན་ཟེར་བ་དང་། ཕ་མ་གཉིས་པོ་གྲོངས་ནས་ད་ལྟ་ལྟ་རྟོག་བྱེད་མཁན་མེད་པར་ལུས་པ་ཤེས་རྟོགས་བྱུང་། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ཉེན་རྟོག་པ་ཚོས་སྙིང་རྗེ་ཆེན་པོ་སྐྱེས་ཤིང་། ཁོང་ཚོས་དེ་མ་ཐག་ཏུ་ཞལ་འདེབས་བརྒྱབ་ནས“དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོར་གྱི་ཐེབས་རྩ”ཞིག་བཙུགས་པ་དང་། བྱིས་པ་དེ་གཉིས་དང་སྙིང་གཏམ་ཤོད་རེས་ཀྱིས་གནས་ཚུལ་མཐིལ་རྟོགས་བྱས། གཏམ་སྙན་ཤང་ཏང་ཨུད་དང་སྲིད་གཞུང་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བྱིས་པ་དེ་གཉིས་སྲིད་གཞུང་གི་རོགས་སྐྱོབ་མ་ལག་ནང་འཇུག་ཐབས་བྱས་པ་མ་ཟད། ད་དུང་སྤྱི་ཚོགས་སྟོབས་ཤུགས་ལ་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་ཡང་བྱས་ཤིང་། བྱམས་སེམས་རྩ་འཛུགས་ཏེ“མེ་སྟག་སྤང་སྲེག”ཅེས་པའི་དགེ་སྒྲུབ་བྱེད་སྒོ་ཚོགས་ཆུང་དང་འབྲེལ་བ་བྱུང་བ་དང་ཆབས་ཅིག ཚོགས་ཆུང་དེས་གཅེན་གཅུང་གཉིས་པོ་དང་ཆ་སྒྲིག་བྱས་ཏེ་ཁོང་གཉིས་ཀྱི་སློབ་གསོའི་ཐད་མ་དངུལ་རོགས་སྐྱོར་བྱ་རྒྱའི་གྲོས་མཐུན་ཡང་བྱུང་བ་རེད།

    དམིཌ་བསལ་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོར་བྱས་པ་ནི་ཀླུ་ཞར་མངགས་གཏོང་ཁང་གིས་མི་དམངས་ལ་གཅེས་སྐྱོང་བྱས་པ་དང་མཐའ་མཚམས་སྲ་བརྟན་བཏང་བའི་ཁྲོད་ཀྱི་ཟུར་ཙམ་རེད། རྣམ་ཀུན་གྱི་ལས་དོན་སྤེལ་རིང་། ཀླུ་ཞར་མངཌ་གཏོང་ཁང་གིས་འཛུམ་དམུལ་ཞབས་ཞུ་དང་། བློ་འདྲི་ཞབས་ཞུ། ཁྱིམ་སྐྱོད་ཞབས་ཞུ་སོཌ་ཀྱི་ལས་དོན་མཐར་ཕྱིན་པ་སྤེལ་ནས་མང་ཚོཌ་ཀྱིས་སེམས་ཁུར་བྱེད་པའི་བྱ་བ་ཐམས་ཅད་སྔར་བས་ཞིབ་ཚཌ་ཏན་ཏིག་ཡོང་བ་བྱས་པ་རེད།

    ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་ཆེད་མངགས་གཏོང་ཁང་གིས་གྲོང་ཚོ་ཨུ་ལྷན་ཁག་ཏུ་དམངས་གཅེས་ཆེད་སྒྲོམ་དང་། ཆ་འཕྲིན་ཡིག་སྒྲོམ། ཕྱུག་འགྱུར་དྲིལ་བསྒྲགས་སྐར་ཁུང་བཅས་སྔ་རྗེས་སུ་བཟོས་ཏེ་ཞིང་ལས་རྒྱུ་ཆའི་ཆ་འཕྲིན་100ཁྱབ་བསྒྲགས་བྱས་པ་དང་། ཐེམ་ཐོ་དང་ལག་ཁྱེར་གཉེར་སྤྲོད་ལས་ཕྱོད་ཆེ་རུ་བཏང་ནས་ཐེངས་གཅིག་ལ་སྤྲོད་ཐུབ་པ་བྱས་པ། མང་ཚོགས་ལ་ཐེམ་ཐོ་དང་ལག་ཁྱེར་སོགས་སྒོ་རྩར་སྤྲོད་པར་བསྐྱོད་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ། མང་ཚོཌ་ལ་ཉེན་རྟོག་མི་དམངས་འབྲེལ་གཏུག་གཱ་སྤྲད་པ། གྲོང་ཚོ་ཁག་དང་། མི་ཚོགས་ཆེ་ས། དེ་བཞིན་མཐོང་སླ་བའི་ལམ་མདོ་ཁ་བཅས་སུ་ཉེན་རྟོག་མི་དམངས་འབྲེལ་གཏུག་བྱང་བུ་བཙུགས་པ། གྲོང་ཚོ་ཁག་ཏུ་ཉེན་ཆེའི་གནས་ཚུལ་སྙན་སེང་ས་ཚིགས་བཀོད་སྒྲིག་བྱས་ནས་ཐེར་འདོན་དང་སྐྱོབ་རོགས་སོགས་ཞུ་མཁན་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་སོགས་ལ་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་དང་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།