[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷག་བསམ་དཀར་པོས་ཏང་དང་མང་ཚོགས་དབར“སྦྲེལ་ཟམ”བཙུགས་པ།

    ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་མེ་ཟོན་སྐར་ཁུང་གི་ལས་སྒོ་གཉེར་མཁན་རྡོ་རྗེ་དངོས་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-01

    ལོ་31ལ་སླེབས་པའི་རྡོ་རྗེ་དངོས་གྲུབ་ནི་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གི་ཆེད་ལས་ལག་རྩལ་རིམ་པ་11ལ་སླེབས་པའི་བཟོ་སྐྲུན་ཆེ་མོ་བ་ཞིག་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་མེ་ཟོན་སྐར་ཁུང་གི་ལས་སྒོ་གཉེར་མཁན་ཞིག་རེད། ལས་དོན་སྒྲུབ་སྐབས་ཁོང་གིས་ཐོག་མཐའ་བར་གསུམ་དུ“ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་བཅངས་ཏེ་མང་ཚོགས་ལ་སེམས་རྩ་འཁོལ་ལ་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བ་དང་སྦྲགས་ལས་སྒྲུབ་ལས་ཕྱོད་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། སེམས་ནུས་ཡོད་རྒུས་མང་ཚོགས་ལ་དཀའ་ངལ་དངོས་སེལ་རོགས་བྱས་པར་ལས་དོན་སྒྲུབ་པར་ཡོང་མཁན་མང་ཚོགས་ཀྱི་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོ་པོ་ཐོབ་ནས་མི་དམངས་མང་ཚོགས་ཁྲོད་དུ་སྤྱི་བདེ་མེ་ཟོན་དཔུང་སྡེའི་གཟུགས་བརྙན་བཟང་པོ་ཞིག་བཏོད་ཡོད།

    རྡོ་རྗེ་དངོས་གྲུབ་ལས་ཀར་ཞུགས་ཚུན་མེ་ཟོན་ལས་སྒོ་སྒྲུབ་པའི་ལས་གནས་སུ་ལས་ཀ་བྱེད་ཀྱི་ཡོད། ལས་དོན་སྒྲུབ་སྐབས་ཁོང་གིས་དོ་དོ་ནན་ནན་དང་དཀའ་ངལ་ལ་མི་འཛེམ་པར་རྟག་ཏུ་ལས་དུས་འཕར་མ་བྱས་ནས་སྡོད་ཀྱི་ཡོད། ལོ་མང་རིང་རྡོ་རྗེ་དངོས་གྲུབ་ཀྱིས་འཛུགས་སྐྲུན་ལས་གྲྭའི་མེ་ཟོན་ཞིབ་དཔྱད་རྩིས་ལེན་ལས་སྒོ་བསྡོམས་500ལྷག་ཙམ་དང་སྤྱི་པའི་འདུ་གནས་སུ་ལས་གཉེར་མ་བྱས་གོང་གི་མེ་ཟོན་བདེ་འཇགས་ཞིབ་བཤེར་ལས་སྒོ་300ལྷག་ཙམ་བསྒྲུབས་ཡོད། ལས་དོན་སྒྲུབ་པར་ཡོང་བའི་མང་ཚོགས་ལ་ཁོང་གིས་ཐོག་མཐའ་བར་གསུམ་དུ་སེམས་རྩ་འཁོལ་པོ་དང་ངང་རྒྱུད་རིང་པོས་ཞབས་འདེགས་ཞུ་བའི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་སྒོ་སྣ་ཚོགས་ལས་ཕྱོད་ཆེ་པོའི་སྒོ་ནས་སྒྲུབ་ཀྱི་ཡོད།

    ཏང་གི་དུས་ཡུན་རིང་པོའི་སློབ་གསོའི་འོག་ཏང་ཡོན་ཡིན་པའི་རྡོ་རྗེ་དངོས་གྲུབ་ཀྱི་བསམ་བློའི་མེ་ལོང་ངོས་སུ་རང་རྟོགས་ངང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བཅངས་ཡོད། ཁོང་གིས་རྟག་ཏུ“མི་རིགས་མཐུན་སྒྲིལ་ནི་ང་ཚོའི་མིག་འབྲས་ལྟར་ཡིན་པས་ང་ཚོས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་ཁག་གི་མང་ཚོགས་ལ་གཅེས་སྐྱོང་བྱེད་དགོས། ལས་དོན་གང་ཞིག་སྒྲུབ་ཀྱང་དེར་དགའ་ཞེན་བྱེད་དགོས། མི་རིགས་མང་པོ་ཡོད་པའི་ཁོར་ཡུག་ཅིག་ཏུ་འཚོ་བ་སྐྱེལ་སྐབས་མི་རིགས་མཐུན་སྒྲིལ་ནི་ལས་དོན་ཁག་བདེ་བླག་ངང་སྒྲུབ་པའི་འགན་ལེན་མེད་དུ་མི་རུང་བ་ཞིག་ཡིན་པ་ཤེས་དགོས”ཞེས་ཤོད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།