[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས“མི་རིགས་མཐུན་སྒྲིལ་ང་ཚོའི་འགྲམ་དུ་ཡོད”ཅེས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་རྭ་མོ་ཆེ་སྡེ་ཁུལ་གྱིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”འབྲེལ་ཡོད་སྒྲོག་འགྲེལ་གྱི་ནང་དོན་ལ་དམིགས་ནས་ཉེ་དུས་གྲོང་མི་མང་ཚོགས་60སྒྲིག་འཛུགས་བྱས་ཏེ“མི་རིགས་མཐུན་སྒྲིལ་ང་ཚོའི་འགྲམ་དུ་ཡོད”ཅེས་པའི་གཏམ་བཤད་བྱེད་སྒོ་སྤེལ་བ་རེད། 

    བྱེད་སྒོའི་ནང་སྡེ་ཁུལ་གྱི་སྒྲོག་འགྲེལ་པ་ཚོས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”སྒྲོག་འགྲེལ་ནང་དོན་ལ་དམིགས་ཏེ་གྲོང་མི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་ཏེ་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་རྗེས། རྭ་མོ་ཆེ་སྡེ་ཁུལ་གྲོང་མི་མང་ཚོགས་ཀྱི་འཐུས་མི་ཟླ་སྒྲོན་གྱིས་བབ་ཆགས་ཀྱི་སྐད་ཆས་རྭ་མོ་ཆེ་སྡེ་ཁུལ་གྱི་དགའ་ལྡན་ཁང་གསར་སྲང་ལམ་དང་པོའི་སྒོ་རྟགས་12པའི་གྲོང་མིའི་སྒོ་རའི་ནང་བོད་རྒྱ་མང་ཚོགས་50ལྷག་ཙམ་མཉམ་དུ་འཚོ་བ་སྐྱེལ་བ་དང་ཕན་ཚུན་རོགས་རམ་བྱས་ཏེ་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་ལ་གཞོལ་བའི་དཔེ་དྲངས་པ་རེད། ཟླ་སྒྲོན་གྱིས་དྲངས་པའི་དོན་དངོས་རེ་རེ་ལས། མང་ཚོགས་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་སྣེ་ཁྲིད་ཐུབ་པ་མ་ཟད། ཁོང་ཚོར་མྱོང་བ་ཟབ་མོ་བྱུང་ནས་རང་ཉིད་ཀྱི་བསམ་བློ་དང་ལྟ་བ་བརྗོད་པར་བརྟེན་བྱེད་སྒོ་དེ་བས་འཁྲུག་ཏུ་ཕྱིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།