[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིས་ཡུལ་དེ་རང་ནས་ལས་མི་བསྡུ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    མི་རིགས་མཐའ་མཚམས་ས་ཁུལ་དུ། ལས་མི་ཡུལ་དེ་རང་ནས་བསྡུ་རྒྱུ་ནི་ཁེ་ལས་འཕེལ་རྒྱས་ཀྱི་བླང་བྱ་ཡིན་ལ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དེ་བས་ཀྱང་ཡིན། དེས་ན་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིས། ལས་མི་ཡུལ་དེ་རང་ནས་ཧུར་ཐག་བསྡུས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཅིང་། ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་བར་ཀུང་སིས་བོད་རིགས་ལས་མི་479བསྡུས་པ་དེས་ཀུང་སིའི་ལས་མིའི་བསྡོམས་འབོར་གྱི་35%བཟུང་ཡོད། ཡུལ་དེའི་ལས་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6.8ཟིན་པ་དང་། ཁྱིམ་ཚང་ནས་མི་གཅིག་ཀུང་སིར་ཡོད་ན་ཁྱིམ་ཚང་དེ་རང་དབུལ་སྒྲོལ་ཐུབ་ཀྱི་ཡོད། 2018ལོའི་ཟླ་5པར། ཀུང་སིས་སླར་ཡང་མལ་གྲོ་གུང་དཀར་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་50ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

    ཤེས་ལྡན་པ་གསོ་སྐྱོང་ཐད། སྔ་རྗེས་སུ་བོད་རིགས་ན་གཞོན་130ཀྲུང་གོའི་གསེར་གྱི་ལག་རྩལ་སློབ་གྲྭར་ཆེད་ལས་གསོ་སྦྱོང་ལ་བཏང་བ་དང་། བོད་རིགས་ན་གཞོན་སློབ་མ་17བྱང་ཤར་སློབ་ཆེན་དུ་ཆེད་ལས་གསོ་སྦྱོང་ལ་བཏང་བ། བོད་རིགས་ན་གཞོན་རྐང་འཛིན་པ་6ཀུང་སིའི་རྗེས་གྲབས་ལས་བྱེད་པའི་གསོ་སྦྱོང་རྣམ་གྲངས“སྐྱ་རེངས་འཆར་གཞིར”ཞུགས་སུ་བཅུག་ཡོད། མིག་སྔར། ཀུང་སིའི་གཏེར་འདེམས་བཟོ་གྲྭ་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། ཏང་ཀྲི་པུའུ་5300ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་སོགས་ཏང་གི་ལས་དོན་སྒྲིག་གཞི་གལ་ཆེན་གྱི་འགན་འཁུར་བ་ཚང་མ་ནི་ཕུལ་བྱུང་གི་བོད་རིགས་ལས་བྱེད་པས་འགན་འཁུར་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།