[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ཞི་མཐུན་ཁྱིམ་གཞིས་བསྐྲུན། དགའ་བདེའི་དཔལ་ལ་རོལ།

    ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཉེ་བའི་ལོ་ཤས་ནང་། ཝ་པ་གླིང་སྡེ་ཁུལ་གྱིས“མི་རིགས་མཐུན་སྒྲིལ་ལས་དོན་དོན་ཆུང་མིན་པའི”རྩ་དོན་གཞིར་བཟུང་ནས། མི་རིགས་མཐུན་སྒྲིལ་ལས་དོན་སྡེ་ཁུལ་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། མི་རིགས་མཐུན་སྒྲིལ་ལས་དོན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

    སྡེ་ཁུལ་གྱིས་བོད་རིགས་དང་རྒྱ་རིགས། ཧུའེ་རིགས་བཅས་མི་རིཌ་གསུམ་ལས་གྲུབ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཆུང་ཆུང་ཞིག་བཙུགས་ནས་མི་རིགས་ཁག་གི་སྲོལ་རྒྱུན་དུས་ཆེན་ཤར་རིམ་བཞིན། མི་རིཌ་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་གྲོང་མི་ཚོར་དུས་ཆེན་གྱི་སྨོན་འདུན་ཞུ་ཡི་ཡོད།

    སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་དུ་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ནས་མང་ཚོགས་ལ་དཀའ་ངལ་འཕྲད་སྐབས། སྡེ་ཁུལ་གྱིས་འཕྲལ་དུ་རོགས་པ་བྱ་རྒྱུར་སྟབས་བདེ་སྤྲད་ཡོད་པ་རེད།

    སྡེ་ཁུལ་གྱིས་ད་དུང་དུས་བཀག་ལྟར་ལས་དོན་ཚོགས་འདུ་འཚོགས་ནས། ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཕྱོགས་མིའི་མིག་སྔའི་གནས་ཚུལ་དང་། དེ་བཞིན་ཉེ་དུས་སུ་ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་དབྱེ་ཞིབ་བྱས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་ཁོངས་གཏོགས་ཁུལ་གྱི་ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པ། སྒེར་གཉེར་ཚོང་དུད་བཅས་བར་སྣུར་སྲིང་བྱས་པས་མི་རིགས་མཐུན་སྒྲིལ་ལ་མི་ཚང་མས་དོ་ཁུར་དང་མི་ཚང་མས་སེམས་ཁུར་བྱེད་པའི་རྣམ་པ་བཟང་པོ་ཆགས་ཡོད་པ་རེད།

    དམངས་འཚོར་དོ་ཁུར་བྱས་ནས་གྲོང་མིའི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ།

    ལོ་ལྟར་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ལས་སྒུག་གཞོན་ནུའི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ། གྲངས་ཉུང་མི་རིཌ་ཀྱི་ལས་སྒུག་གཞོན་ནུར་རིཌ་ཁག་གི་རྩལ་ནུས་གསོ་སྦྱོང་ལ་ཧུར་ཐག་ཞུཌ་རྒྱུར་སྐུལ་ལྕག་བྱས་པ་རེད།

    ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། སྡེ་ཁུལ་ཏང་ཀྲི་པུས་ཁོངས་གཏོགས་ཁུལ་གྱི་གྲོང་མི་དབུལ་པོ་དང་མི་ཧྲེང་རྒན་རྒོན། དེ་བཞིན་གཞིས་ལུས་བྱིས་པ་བཅས་ལ་འཚམས་འདྲི་བྱས་པ་དང་འབྲེལ། “མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི”རིང་སྡེ་ཁུལ་གྱི་གྲྭ་བཙུན་ལ་འཚམས་འདྲི་ཞུས་ནས། ཉམས་ཞན་ཚོཌ་སྤྱི་དང་ཆོས་ལུཌ་ལས་རིགས་མི་སྣས་ཏང་གི་ཐུགས་ཁུར་དང་སྡེ་ཁུལ་གྲོང་མིའི་བརྩེ་སེམས་ཚོར་བར་བྱས་པ་རེད།

    ཕྱོགས་གཉིས་ནས་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་པས་སྡེ་ཁུལ་གྱི་ཁས་ལེན་བཟང་པོ་ཐོབ་པ།

    སྡེ་ཁུལ་གྱིས་ཞབས་ཞུའི་ཚོམས་ཆེན་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་གྲོང་མིའི་དགོས་མཁོ་ཉན་ཁར། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་རེད། དྲ་མིག་ཅན་གྱི་ལས་ཀའི་རྣམ་པར་བརྟེན་ནས་མང་ཚོགས་ཀྱི་དགོས་མཁོ་དང་འགུལ་རྣམ་ཁོང་དུ་ཆུད་པར་བྱེད་པ་དང་། སྔོན་བརྡ་དང་སྔོན་དཔག་གི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཐོལ་བྱུང་འགལ་ཟླ་དང་གནད་དོན་ལ་གྲལ་བཤེར་དང་བརྟག་དཔྱད། ཐག་གཅོད་བཅས་ནན་ཏན་བྱས་པ། ཁོངས་གཏོགས་ཁུལ་གྱི་གྲོང་མི་དང་ཉེ་འགྲམ་མང་ཚོགས་དབར་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བཅས་བྱས་ཏེ། བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་རིགས་ཆུང་ས་ནས་མེད་པར་བཟོས་པ་རེད།

    སྡེ་ཁུལ་གྱི་ལས་དོན་མི་སྣ་དང་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག ཉེ་བའི་ལོ་ཤས་ནང་། ཝ་པ་གླིང་སྡེ་ཁུལ་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་4དང་། རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་6 ལྷ་ས་གྲོང་ཁྱེར་རིམ་པའི་བྱ་དགའ་1 ཁྲེང་ཀོན་ཆུས་རིམ་པའི་བྱ་དགའ་2 ཁྲོམ་གཞུང་རིམ་པའི་བྱ་དགའ་3བཅས་ཐོབ་པ་རེད།

    ལོ་མང་རིང་། ཝ་པ་གླིང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ལས་དོན་ལག་ལེན་བསྟར་བའི་ལམ་བུའི་ཐོག བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་དེ་ཉིད་སྡེ་ཁུལ་ལས་དོན་གྱི་གཙོ་གནད་དུ་བཞག་ནས་སྡེ་ཁུལ་གྱི་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ཝ་པ་གླིང་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་པས། མི་རིགས་ཀྱི་མཛའ་བཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་སྡེ་ཁུལ་མཉམ་དུ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།