[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སྣང་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་མཉམ་སྤྲོའི་བྱེད་སྒོ་སྤྲོ་སེམས་འཁོལ་པོས་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་ཁང་དམར་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ནས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། མཛེས་སྡུག་ལྡན་པའི་སྣང་རྫོང་མཉམ་དུ་གཏོད”བརྗོད་དོན་གཙོ་བོར་བྱས་པའི་སྣང་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་མཉམ་སྤྲོའི་བྱེད་སྒོ་སྤྲོ་སེམས་འཁོལ་པོས་སྤེལ་བ་རེད།

    མཉམ་སྤྲོའི་བྱེད་སྒོར་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་གཏོང་བྱས་པ་ཕུད། མི་རིགས་མཐུན་སྒྲིལ་དང་འབྲེལ་བའི་ཤེས་བྱའི་འགྲན་བསྡུར་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང་གིས་ཁྱིམ་ཚང་གི་གཏམ་རྒྱུད་ཐུང་ཐུང་མྱོང་རོལ་བྱས་པ་བརྒྱུད། ཡུལ་དངོས་ཀྱི་རྣམ་པ་དེ་བས་འཁྲུག་ཆ་དོད་པར་གྱུར་ཡོད།

    663974_yis_1569232404489_s.jpg

    འདི་ནི་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།